第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年5月1日 星期
3 上一篇 放大 缩小 默认
ཞུས་ཁྲེང་ཚང་གིས་གོང་དཀར་དང་གྲ་ནང་།འཕྱོངས་རྒྱས།སྣེ་གདོང་བཅས་སུ་བརྟག་ཞིབ་གནང་བ།
 

(པར་ངོས་དང་པོར་མཐུད) ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་གཏོང་བྱས་ཏེ་གནས་སྤོས་ས་ཚིགས་ལས་དོན་གྱི་གལ་འགངས་རང་བཞིན་ལ་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས་པ་དང་།ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་དང་།གྲོང་ཨུད་དང་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱ་ལྟར་འཕེལ་རྒྱས་ཆེན་པོའི་གོ་སྐབས་དང་དུས་ཚོད་ཡག་ཤོས་ལ་དམ་འཛིན་བྱས་ནས་མྱུར་ཚད་མགྱོགས་གཏོང་དང་སྐུལ་འདེད་ལ་དམ་འཛིན་གྱིས་དུས་བཀག་ལྟར་གནས་སྤོས་ས་ཚིགས་ཀྱི་ལས་དོན་ཁག་ལེགས་གྲུབ་ཡོང་རྒྱུར་འགན་ལེན་དང་།ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ་དང་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམས་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་།

དེ་ཉིན་ཕྱི་དྲོ།ཞུས་ཁྲེང་ཚང་གིས་གོང་དཀར་རྫོང་བཤད་སྒྲུབ་གླིང་དགོན་པ་དང་ཆོས་སྡེ་དགོན།རྡོ་རྗེ་བྲག་དགོན་བཅས་ལ་ཕེབས་ཏེ་དགོན་སྡོད་ལས་བྱེད་དང་དགེ་འདུན་པ་ཚོ་དང་མཛའ་བརྩེའི་བཀའ་མོལ་གནང་བ་དང་།ཆོས་ལུགས་ལས་དོན་དོ་དམ་དང་ལྷག་དོན་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞི།ཚད་གཞི་བཞི་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་པའི་བརྩོན་ལེན་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་མི་རིགས་ཆོས་དོན་ཚན་པ་དང་དགོན་སྡེའི་དོ་དམ་ཨུ་ལྷན་གྱིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།གདེང་ཚོད་བཞི་བརྟན་གཏོང་།སྲུང་སྐྱོང་གཉིས་ཐུབ་པ་བྱེད་དགོས་པ་དང་། ཆོས་ལུགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་ཆོས་ལུགས་ལས་དོན་སྲོལ་ཡིག ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ།ཁྲིད་སྟོན་ཐད་ཤུགས་སྣོན་རྒྱག་པ།ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ།དགོན་སྡེའི་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་།

གོང་དཀར་རྫོང་གཡན་ཙེ་ནས་ཀྱི་བཟའ་བཅའ་ཚན་རྩལ་ཚད་ཡོད་ཀུང་སིར་ཞུས་ཁྲེང་ཚང་གིས་ཐོན་རྫས་ཐོན་སྐྱེད་དང་ཐོན་སྐྱེད་འཁོར་ཁང་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་དང་།ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་ལྷག་དོན་དུ་ལྷག་བསྡད་པའི་གནད་དོན་དང་དཀའ་ངལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།ཁོང་གིས་ཀུང་སིའི་འགན་འཁུར་བས་དཀའ་གནད་སེལ་གྲོལ་དང་བསམ་བློ་གསར་གཏོད་བྱས་ཐོག་ཁེ་ལས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པའི་སྐུལ་ལྕག་གནང་།

དབུལ་པོའི་མང་ཚོགས་སྤུས་ཚད་མཐོ་བའི་དབུལ་སྒྲོལ་མངོན་འགྱུར་ཐུབ་རྒྱུ་དེ་ཞུས་ཁྲེང་ཚང་གི་སེམས་ཁུར་ཆེ་ཤོས་དེ་ཡིན།ཁོང་གིས་སྔ་རྗེས་སུ་རྡོ་ཕོ་བྲང་ཤང་སོ་ནམ་གྲོང་ཚོ་དང་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བློ་གྲོང་ཚོ་དང་།འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོ་དང་ར་མ་སྒང་གྲོང་ཚོ།སྡེ་ཆེན་གྲོང་ཚོ།ཤ་གསོས་ཤང་འཇུ་གྲོང་ཚོ་དང་།རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ།འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་སོགས་གྲོང་ཚོ་ཚོ་ཆུང་20ལྷག་ཏུ་ཕེབས་ནས་གྲོང་ཚོའི་ལས་བྱེད་དང་གྲོང་སྡོད་ལས་བྱེད་དང་མཛའ་བརྩེའི་བཀའ་མོལ་གནང་སྟེ་ཏང་གི་དམངས་ཕན་སྲིད་ཇུས་ཁག་གཞི་རིམ་དུ་དོན་འཁྱོལ་བྱེད་པ་དང་།དབུལ་པོའི་མང་ཚོགས་དབུལ་སྒྲོལ།ཞིང་འབྲོག་མང་ཚོགས་འབབ་འཕར།དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་གནང་བ་རེད། ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་།མང་ཚོགས་ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་ཧུར་སེམས་ཆེ་བ།ཡོང་འབབ་འགན་ལེན་ཡོད་པ།དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཉུང་བ།ཆེད་དོན་སྐོར་གཟིགས་དག་ཐེར་ནན་ཏན་དང་།ཕྱོགས་ཡོངས་དང་གནད་ལ་འཁེལ་བ།ཚན་རིག་དང་མཐུན་པ་བཅས་ཤེས་རྗེས་ཁོང་ཧ་ཅང་དགའ་པོ་བྱུང་བ་དང་།གྲོང་ཚོ་དང་ཚོ་ཆུང་གི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཡང་འབད་བསྐྱར་འབད་བྱས་ཏེ་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་།

རྟོག་ཞིབ་རིང་།ཞུས་ཁྲེང་ཚང་གིས་འཕྱོངས་རྒྱས་རྫོང་བོད་ལྗོངས་ཧྥུ་ཏི་རང་བྱུང་འཐུང་ཆུའི་ཚད་ཡོད་ཀུང་སིར་ཕེབས་ཏེ་གཏེར་ཆུ་ཐོན་སྐྱེད་བརྒྱུད་རིམ་གསར་པ་སྒྲིག་སྦྱོར་དང་གཏེར་ཆུ་ཐོན་སྐྱེད་དང་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་།ཁོང་གིས་ཁེ་ལས་ཀྱིས་ཐོན་སྐྱེད་སྒྲུབ་རིམ་གསར་པའི་སྒྲིག་སྦྱོར་མྱུར་ཚད་མགྱོགས་སུ་བཏང་ནས་དུས་བཀག་ལྟར་ཐོན་སྐྱེད་བྱེད་འགོ་ཚུགས་པའི་འགན་ལེན་བྱེད་དགོས་པ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ་དང་།འདུ་ཤེས་བསྒྱུར་བ།མཉམ་ལས་བྱེད་སྟངས་རྒྱ་སྐྱེད་ཧུར་ཐག་གཏོང་བ།ཐབས་ལམ་མང་པོའི་ཐོག་ནས་ཚོང་ར་གསར་གཏོད་དང་ཕྱིར་འཚོང་བྱེད་ཚད་རྒྱ་སྐྱེད་གཏོང་བ།ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་སུ་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

གྲོང་སྤྱི་གཞོན་པ་མོའུ་ཡུང་ཝེན་གྱིས་སྲིན་པོ་རིའི་ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོའི་རྟོག་ཞིབ་རིང་ཕེབས་རོགས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会聚焦
ཝུའུ་དབྱིང་ཅེས་ལྷོ་ཁར་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ།
རྒྱ་ཁོག་བཟའ་སྐབས་རབ་བྱུང་ན་ཟས་རིགས་འདི་དག་བཟའ་མི་ཉན།
ཞུས་ཁྲེང་ཚང་གིས་གོང་དཀར་དང་གྲ་ནང་།འཕྱོངས་རྒྱས།སྣེ་གདོང་བཅས་སུ་བརྟག་ཞིབ་གནང་བ།