第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年5月1日 星期
下一篇 4 放大 缩小 默认
བཞི། ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པའི་བྱུང་ཚུལ།
 

དུས་རབས་20པའི་ལོ་རབས་60པའི་དུས་འགོར། མའོ་ཙེ་ཏུང་གིས་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་རྒྱུར་མཐོང་ཆེན་དང་། གཞི་རིམ་གྱིས་གསར་གཏོད་བྱས་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཉམས་མྱོང་གསར་པར་མཐོང་ཆེན་གནང་གི་ཡོད། སྐབས་འདིར། ཁོང་གིས་གཞུང་ལས་ཁང་དུ་མི་བཞུགས་པར་ཕྱི་ལ་སྐྱོད་པ་དང་། སྐབས་རེ་ཟླ་བ་ཁ་ཤས་པེ་ཅིང་ནས་བྲལ་ཏེ་ས་གནས་ཁག་ལ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་གནང་གི་ཡོད། ཞིང་ཆེན་མང་པོར་ཕེབས་རྗེས་ཁོང་གིས་ལྟ་བ་དེ་འདྲ་ཞིག་ཡང་སེ་ནན་བཤད་གནང་གི་ཡོད་པ་སྟེ། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད། གཞི་རིམ་དུ་ཐོན་པའི་བྱ་ངན་སྤྱོད་ངན་དང་ལྷ་འདྲེ་གདོན་བགེགས་ངེས་པར་དུ་རྩ་མེད་བཟོ་དགོས། འོན་ཀྱང་ངེས་པར་དུ་མང་ཚོགས་ལམ་ཕྱོགས་ལ་བསྟུན་དགོས་ཤིང་། རྩ་མེད་བཟོ་ཐབས་ཐད་ཚང་མ་སྲོག་ཐོག་གཏོང་རྐྱང་མི་བྱེད་པ་དང་ཨུ་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུ་མེད། མ་འགྲིག་པ་ཏོག་ཙམ་བྱུང་མ་ཐག་མི་བསད་ཚེ་དེས་གནད་དོན་ཐག་གཅོད་བྱ་མི་ཐུབ་ཅེས་པ་དེ་ཡིན། ཡང་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཡག་པོ་གཉེར་རྒྱུའི་ཐད། ཁོང་གིས་བྱ་ཐབས་གཙོ་བོ་འགའ་ཞིག་བཏོན་གནང་བ་སྟེ། མང་ཚོགས་ལ་བརྟེན་པ་དང་ཞིང་ཆེན་དང་། ས་ཁུལ། རྫོང་། ཁང་བཅས་ཀྱི་རྒྱ་ཆེའི་ལས་བྱེད་པར་བརྟེན་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་བཅས་བྱ་རྒྱུ་དེ་ནི་ཆེས་གཙོ་བོའི་བྱ་ཐབས་ཤིག་དང་རང་གིས་རང་ལ་སློབ་གསོ་གཏོང་བའི་བྱ་ཐབས་ཤིག་ཡིན་ཞེས་པ་དེ་ཡིན།

ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ཕྱོགས་བསྡོམས་དང་དར་སྤེལ་དགོས་ལུགས་བཀའ་མཆན་མ་གནང་གོང་། མའོ་ཙེ་ཏུང་ཧུའུ་པེ་དང་ཧུའུ་ནན། ཅང་ཞི། ཀྲེ་ཅང་། ཧྲང་ཧའེ་སོགས་ལ་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་གནང་ནས་ཕྱིར་ཕེབས་མ་ཐག་རེད།1963ལོའི་ཟླ་11ཚེས་12ལ། པེ་ཅིང་ལ་ལོག་ཕེབས་པའི་ལམ་བར་དུ། ཆེད་སྤྱོད་མེ་འཁོར་ཐན་ཅིན་ལ་ཁ་བཀག་ནས་སྡོད་སྐབས། ཁོང་གིས་ད་དུང་ཧུའུ་པེ་ཞིང་ཨུད་ཀྱི་འགན་ཁུར་བློ་མཐུན་གདན་ཞུ་གནང་ནས་གླེང་མོལ་ཐོག ཧུའུ་པེ་ཡི་ས་ཆ་དེ་གའི་གནས་ཚུལ་ལ་རྒྱུས་མངའ་གནང་། གླེང་མོལ་བྱེད་པའི་བརྒྱུད་རིམ་ནང་། ཁོང་གིས་རང་ཉིད་ཀྱི་མྱོང་ཚོར་གཞིར་བཟུང་། འགོ་ཁྲིད་ལས་བྱེད་པས་རྟག་ཏུ་གཞུང་ལས་ཁང་ནང་བསྡད་དེ་ཡིག་ཆ་ཁོ་ན་བལྟས་ནས་མི་སྡོད་པར་གཤམ་སྐྱོད་ཀྱིས་བརྟག་ཞིབ་བྱེད་དགོས་ཤིང་། ལས་དོན་ཁག་ཅིག་ཚོད་ལྟ་བྱེད་ཐུབ་པ་དང་། ས་གནས་ཁག་གིས་གསར་གཏོད་བྱས་པའི་ཉམས་མྱོང་བཟང་པོ་དང་ལེན་ཐུབ་པ་བྱེད་དགོས་ལུགས་ནན་བཤད་གནང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་གྱི་སྐོར་གླེང་སྐབས། ཁོང་གིས་ངེས་ པར་དུ་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དགོས་པ་དང་། འགོ་ཁྲིད་ལས་བྱེད་པས་གཤམ་བསྐྱོད་ཀྱིས་དངོས་སྡོད་བྱས་ཏེ། དཔེ་མཚོན་དཔྱད་ཡིག་དམ་འཛིན་བྱེད་མཁས་པོ་དགོས་ལུགས་བསྟན་གནང་ཡོད། ནོར་འཁྲུལ་ཤོར་བ་ཙམ་མ་ཟད་ནོར་འཁྲུལ་ཚབས་ཆེན་ཤོར་བའི་མི་ལ་ལྟ་སྟངས་གང་འདྲ་འཛིན་དགོས་མིན་གྱི་སྐོར་གླེང་སྐབས། ཁོང་གིས་མི་ལ་ནོར་འཁྲུལ་ཡོད་ཀྱང་བསྒྱུར་བཅོས་བྱས་ན་ཆོག ནོར་འཁྲུལ་ཤོར་བའི་མིས་ལྷག་བསམ་རྣམ་དག་གིས་ནོར་འཁྲུལ་ཁས་ལེན་བྱས་ཏེ་ཡོ་བསྲང་བྱས་ན་མང་ཚོགས་ཚོས་བསམ་ཤེས་བྱེད་སྲིད། ནག་ཉེས་རྫབ་ལྗིད་བ་དང་ཁྲག་བུན་ཚབས་ཆེན་རིགས་མང་ཚོགས་ཚོས་ཁས་ལེན་མི་བྱེད་པ་ཕུད། ལྐོག་ཟའི་རིགས་བསྒྱུར་བཅོས་བྱས་ན་རྒྱུན་ལྡན་བཞིན་བེད་སྤྱོད་བྱས་ཆོག ཉེས་ཚབས་ཆེ་རིགས་ལས་གནས་སྒྱུར་རྒྱུ་ཡང་དགོས་པ་ཆེན་པོ་ཡིན། ད་དུང་ངལ་རྩོལ་བསྒྱུར་བཀོད་ཀྱང་བྱས་ཆོག་ཅེས་དམིགས་སུ་བཏོན་ ཡོད།

ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པར་བཀའ་མཆན་གནང་བའི་སྔ་རྗེས་སུ། མའོ་ཙེ་ཏུང་གིས་ས་གནས་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་ཚོས། གྲོང་གསེབ་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོའི་ལས་འགུལ་ཁྲོད་ཀྱི་དཔེ་མཚོན་ཉམས་མྱོང་ཁག་ཕྱོགས་བསྡོམས་བྱེད་མཁས་པོ་བྱས་ཏེ་ཀྲུང་དབྱང་ལ་གོང་ཞུ་བྱེད་དགོས་པའི་རེ་བ་ཟམ་མི་ཆད་པ་འདོན་གནང་གི་ཡོད། དེས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཁྲོད། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང་། བརྟག་ཞིབ་བྱ་རྒྱུ་དར་སྤེལ། གཞི་རིམ་ལས་ཀའི་གསར་གཏོད་ཉམས་མྱོང་ཤེས་རྟོགས་དང་ཕྱོགས་བསྡོམས་བྱེད་མཁས་པོ་བྱེད་པ། ཆབས་ཅིག ནོར་འཁྲུལ་ཤོར་བའི་མི་ལ་ནོར་འཁྲུལ་ཡོ་བསྲང་བྱེད་ཆོག་པ་དང་། གནས་ལུགས་བརྗོད་པའི་བྱ་ཐབས་སྤྱད་དེ་མི་ལ་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་པ། འགྱུར་ལྡོག་གཏོང་བ་སོགས་བྱེད་ཆོག་ལུགས་གསལ་བཤད་བྱས་ཡོད། འདི་ནི་མའོ་ཙེ་ཏུང་གིས་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ཤེས་རྟོགས་དང་ཁྱབ་སྤེལ་གཏོང་བའི་གཏན་ཚིགས་ཀྱི་སྔོན་འགྲོ་དང་བསམ་བློའི་རྨང་གཞི་ཡིན།

1963ལོའི་ཟླ་11པའི་ཚེས་21ཉིན་གྱི་མཚན་མོར། བློ་མཐུན་མའོ་ཙེ་ཏུང་གིས་སྐབས་དེའི་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཀྲུང་དབྱང་གཞུང་ལས་ཐིང་སྐུ་སྲུང་ཅུད་ཀྱི་ཅུད་ཀྲང་ཝང་ཏུང་ཤིང་གི་སྙན་ཞུ་གསན་གནང་བ་དང་། ཝང་ཏུང་ཤིང་གིས་སྐབས་དེའི་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཤེ་ཧྥུ་ཀྲེ་ཡི་མངགས་བཅོལ་ལྟར། ཤེ་ཧྥུ་ཀྲེ་ཡིས་སྤྱི་བདེ་པུའུ་ཡི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གཏམ་བཤད་བྱ་རྒྱུར་སྤྱོད་རྩིས་ཡོད་པའི་གཏམ་བཤད་མ་ཟིན་གྱི་ནང་དོན་གཙོ་བོ་ངག་ཐོག་ནས་མའོ་ཙེ་ཏུང་ལ་སྙན་སེང་ཞུས་ཡོད། གཏམ་བཤད་མ་ཟིན་གྱི་ཁ་བྱང་ནི། རྒྱ་ཆེའི་མང་ཚོགས་ལ་བརྟེན་པ་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ལོག་སྤྱོད་སྟོབས་ཤུགས་ཁྲོད་ཀྱི་མི་མང་ཆེ་བ་བསྒྱུར་བཀོད་བཏང་ནས་མི་གསར་པར་འགྱུར་བ་བྱེད་དགོས་ཞེས་པ་དེ་ཡིན། ཡིག་འབྲུ་དྲུག་སྟོང་ལྷག་ཙམ་ཡོད། མའོ་ཙེ་ཏུང་གིས་གཏམ་བཤད་ཡི་གེ་ཚུར་བླངས་ནས་ཁ་བྱང་ལ་གཟིགས་ཙམ་གནང་རྗེས། འཕྲལ་མར་གཟིགས་འདོད་སྐྱེས་ཏེ་ཁ་བྱང་དཔེ་གསར་ཞིག་འདུག འདིར་ཁྱེར་ཡོང་ཚར་བས་ངས་གཅིག་བལྟ་ཙམ་བྱེད་ཀྱི་ཡིན་ཞེས་གསུང་། བསམ་ཡུལ་ལས་འདས་པར། ཁོང་གིས་གཟིགས་རྗེས་དེའི་ནང་གི་ཀྲུའུ་ཅི་རྫོང་གི་ཉམས་མྱོང་(ཧྥེང་ཆའོ་ཡི་ཉམས་མྱོང་)ཞེས་པར་མའོ་ཙེ་ཏུང་གིས་དོ་ཁུར་ཆེན་པོ་གནང་ཡོད།

ཀྲུའུ་ཅི་རྫོང་གི་ཉམས་མྱོང་ཞེས་པ་ནི། ཤེ་ཧྥུ་ཀྲེ་ཡི་གཏམ་བཤད་ཀྱི་མཇུག་མཐར་བརྗོད་ཡོད། མ་ཡིག་ནི། ཀྲེ་ཅང་ཀྲུའུ་ཅི་རྫོང་ཧྥེང་ཆའོ་ཁུལ་གྱི་ཀུང་ཧྲེ་བདུན་ནང་ས་བདག་དང་ཞིང་ཕྱུག གསར་བརྗེར་ངོ་རྒོལ་པ། མི་ངན་བཅས་ཁྱོན་མི་དགུ་བརྒྱ་ལྷག་ཙམ་ཡོད། དེའི་ནང་ནས་མི་བརྒྱ་དང་དྲུག་བཅུ་ལྷག་ཙམ་ལ་གཏོར་བཤིག་གི་བྱེད་སྤྱོད་ཚབས་ཆེ་ལྡན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་འགོ་འཛུགས་སྐབས། ལས་བྱེད་པ་དང་མང་ཚོགས་ཚོས་མི་བཞི་བཅུ་ཞེ་ལྔ་འཛིན་བཟུང་བྱེད་དགོས་པའི་རེ་བ་བཏོན་ཡོད། མང་ཚོགས་སྐུལ་སློང་བྱས་ཏེ། ས་བདག་དང་ཞིང་ཕྱུག གསར་བརྗེར་ངོ་རྒོལ་པ། མི་ངན་བཅས་ལ་ཞིབ་དཔྱད་དང་གནས་ལུགས་བརྗོད་པའི་འཐབ་རྩོད་སྤེལ་བ་བརྒྱུད། དགྲ་བོ་དབང་དུ་བསྡུ་ཐུབ་པ་བྱུང་ཡོད། ད་ལྟ། ལས་འགུལ་སྤྱིའི་ཆ་ནས་མཇུག་བསྒྲིལ་ཟིན་པ་དང་། མང་ཚོགས་ཚོས་ཚང་མ་ཐོན་སྐྱེད་རུ་ཁག་ནང་བཞག་ནས་མང་ཚོགསཀྱི་ལྟ་སྐུལ་འོག་བསྒྱུར་བཀོད་བྱེད་དུ་འཇུག་པ་ལས་གོང་དུ་རྩིས་སྤྲོད་མ་བྱས་ན་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་པ་དེ་ཡིན། ཀྲུའུ་ཅི་རྫོང་གི་ཉམས་མྱོང་དང་དེ་བཞིན་ས་ཁུལ་གཞན་དག་འགའ་ཞིག་གི་ཉམས་མྱོང་གི་ཆེས་གཞི་རྩར་གྱུར་པའི་གནད་འགག་ནི་མང་ཚོགས་སྐུལ་སློང་བྱས་ནས་གནས་ལུགས་བརྗོད་པའི་འཐབ་རྩོད་བརྒྱུད། དགྲ་བོ་དབང་དུ་བསྡུ་རྒྱུ་དེ་ཡིན། མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་ཚེ་ལས་འགུལ་ཁྲོད་མི་གཅིག་ཀྱང་གསོད་མི་དགོས་པ་དང་མི་མང་ཆེ་བ་(བརྒྱ་ཆ་95ཡན)འཛིན་བཟུང་བྱེད་མི་དགོས་པའི་མཛད་ཕྱོགས་མངོན་འགྱུར་ཐུབ་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལོག་སྤྱོད་གྲལ་རིམ་གྱི་ལྷག་རོའི་སྟོབས་ཤུགས་ཁྲོད་ཀྱི་མི་མང་ཆེ་བ་བསྒྱུར་བཀོད་བཏང་ནས་མི་གསར་པར་འགྱུར་བ་བྱ་ཐུབ།

རྡོ་དོན་སྟོན་པའི་དཔེ་ཡིས་མའོ་ཙེ་ཏུང་གཟིགས་འདོད་ཆེན་པོ་བྱུང་ཡོད། ཉིན་གཉིས་པའི་ཞོགས་པར། ཁོང་གིས་དབུགས་ཐེངས་གཅིག་ལ་ཀློག་ཚར་རྗེས། གཏམ་བཤད་མ་ཟིན་ཐོག་བཀའ་མཆན་གལ་ཆེ་གནང་བ་འདི་ལྟ་སྟེ། བློ་མཐུན་ཧྥུ་ཀྲེ་དང་ཕེང་ཀྲེན་མཆོག ཡིག་ཆ་འདི་བལྟས་པ་ཡིན། ཧ་ཅང་ཡག་པོ་བྱུང་འདུག གཏམ་བཤད་ཟིན་རྗེས། རྫོང་རིམ་པའི་ཏང་ཨུད་དང་རྫོང་སྤྱི་བདེ་ཅུད་ལ་བསྐུར་ན་འགྲིག་མིན་བསམ་གཞིགས་གནང་རོགས་ཞུ་རྒྱུ་དང་། ཡིག་ཆའི་མདུན་ངོས་སུ་ཀྲུང་དབྱང་གིས་ངོ་སྤྲོད་སྐད་ཆ་འགའ་བྲིས་ཡོད་པས་ལས་བྱེད་པར་སློབ་གསོ་རྒྱག་པའི་དཔྱད་གཞིར་འཛིན་དགོས། དེའི་ནང་ཀྲུའུ་ཅི་ཡི་དཔེ་ཡག་པོ་ཁག་ཅིག་བཀོད་ཡོད་པ་དེ་དག་ས་གནས་ཁག་གིས་ལད་ཟློས་དང་ཚོད་ལྟ་བྱེད་པ་བརྒྱུད་ཁྱབ་སྤེལ་གཏོང་དགོས་ཞེས་པ་དེ་ཡིན། ཆབས་ཅིག ཕེང་ཀྲེན་ལ་བཀའ་མཆན་གནང་དོན་ནི་ཕེང་ཀྲེན་གྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བཅས་ཀྱི་འགན་ཁུར་གྱི་ཡོད་པས་ཡིན། མའོ་ཙེ་ཏུང་གིས་བཀའ་མཆན་གནང་བའི་ཀྲུའུ་ཅི་ཡི་དཔེ་ཡག་པོ་ཞེས་པ་འདི་ནི་ཀྲུའུ་ཅི་རྫོང་ཧྥེང་ཆའོ་ཁུལ་གྱི་ཀུང་ཧྲེ་བདུན་གྱིས་གསར་གཏོད་བྱས་པའི་ཉམས་མྱོང་ལ་བརྗོད་པ་ཡིན།

བཀའ་མཆན་གནང་ཟིན་རྗེས། མའོ་ཙེ་ཏུང་གིས་ད་དུང་བློ་ཡིད་མ་འཚིམ་པར། ཡང་བསྐྱར་ཝང་ཏུང་ཤིང་བཙལ་ནས་གླེང་མོལ་གནང་། ཝང་ཏུང་ཤིང་གི་དྲན་གསོ་ལྟར་ན། མའོ་ཙེ་ཏུང་གིས་གླེང་མོལ་གནང་བའི་བརྒྱུད་རིམ་ཁྲོད། ཀྲུའུ་ཅི་ཡི་དཔེ་ཡག་པོ་ཞེས་པ་དང་ཀྲུའུ་ཅི་ཡི་ཉམས་མྱོང་ཞེས་པ་ཐེངས་མང་གླེང་བ་དང་། དོན་དེ་འདྲ་ཞིག་གསུང་པ་ནི། ཀྲུའུ་ཅི་ཡི་ཉམས་མྱོང་ལ་ཁྱེད་ཚོས་ཕྱོགས་བསྡོམས་ཞིག་བྱས་ཏེ་ཡི་གེ་སྟོང་གི་དཔྱད་གཞི་ཞིག་བཟོས་ནས་(གཅིག)མང་ཚོགས་ཀྱིས་ཅིའི་ཕྱིར་དེ་ལྟར་བྱེད་དགོས་པ་ཤེས་པ། (གཉིས)མང་ཚོགས་ལ་བརྟེན་ནས་ལས་དོན་སྒྲུབ་རྒྱུ་དེ་ཐབས་ཤེས་བཟང་པོ་ཞིག་ཡིན་པ་ར་སྤྲོད་ཐུབ་པ་བཅས་ཀྱི་གནད་དོན་གཉིས་ལ་ལན་འདེབས་དགོས་ཞེས་པ་དེ་ཡིན། ཁོང་གིས་ད་དུང་ཁྱེད་ཚོ་སྤྱི་བདེ་པུའུ་ཡི་གནད་འགག་ཞིག་ནི། མང་ཚོགས་ཀྱི་ལས་དོན་ཇི་ལྟར་སྒྲུབ་དགོས་མིན་དེ་ཡིན། མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་ལ་སློབ་གསོ་རྒྱག་པ་སོགས་ཀྲུའུ་ཅི་ཡི་ཉམས་མྱོང་ལ་བལྟས་ན། མང་ཚོགས་སྐུལ་སློང་བྱས་པའི་རྗེས། སྒྲུབ་པའི་ལས་ཀ་ཁྱེད་ཚོ་ལས་ཞན་པ་མེད་ལ་སྐྱོ་བའང་མེད་པས་ཁྱེད་ཚོས་མང་ཚོགས་སྐུལ་སློང་བྱ་རྒྱུ་བརྗེད་མི་རུང་ཞེས་དང་། ཀྲུའུ་ཅི་རྫོང་གི་ཉམས་མྱོང་ལ་ཕྱོགས་བསྡོམས་ཡག་པོ་ཞིག་བྱས་ནས་དཔྱད་གཞིའི་ཡིག་ཆ་ཞིག་ལེགས་སྒྲིག་ཐོག སྔོན་ལ་གཏམ་བཤད་དེ་སྤེལ་བ་དང་། རྗེས་སུ་ཀྲུའུ་ཅི་ཡི་དཔྱད་ཡིག་དེ་སྤེལ་དགོས། དཔྱད་ཡིག་བསྡུས་པོ་ཞིག་དགོས། རིང་དྲག་ན་བལྟ་མཁན་མེད། ཐུང་ཙམ་བྱས་ན་བལྟ་མཁན་མང་། ཁྱེད་ཚོས་རྟག་ཏུ་དངོས་སྡོད་བྱས་ནས་ལས་དོན་དེ་སྒྲུབ་དགོས་ཞེས་གསུང་། མའོ་ཙེ་ཏུང་གིས་ད་དུང་ཉམས་མྱོང་གི་དཔྱད་ཡིག་དེ་དམངས་འཐུས་འཐུས་མིས་ཤེས་རྟོགས་བྱེད་དགོས་པ་མ་ཟད། རིམ་བཞིའི་ལས་བྱེད་པར་ཡང་སློབ་གསོ་གཏོང་དགོས་ཞེས་དམིགས་བསལ་དུ་བསྟན་ཡོད།

མའོ་ཙེ་ཏུང་གིས་གཟིགས་ཞིབ་གནང་བའི་གཏམ་བཤད་མ་ཟིན་ནང་ཆ་ཤས་མི་རེ་ངོ་རེ་ཚང་མར་ཉམས་མྱོང་དཔེ་མཚོན་མི་འདྲ་བ་རེ་བཀོད་ཡོད། ཁོང་གིས་ཤེས་ཚོར་རྣོ་པོས་དེའི་ཁྲོད་ཀྱི་ཀྲུའུ་ཅི་ཡི་ཉམས་མྱོང་ཞེས་པ་དང་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ཤེས་རྟོགས་ཐུབ་པར་བརྟེན། འདིར་ཆེད་མངག་བཀའ་མཆན་གལ་ཆེ་གནང་བ་དང་། འབྲེལ་ཡོད་ཕྱོགས་ཁག་གི་བློ་མཐུན་བཙལ་ནས་ཕྱོགས་བསྡོམས་དང་ཁྱབ་སྤེལ་ཇི་ལྟར་དགོས་ལུགས་སྐོར་གླེང་མོལ་དང་སྦྲགས།བཀོད་སྒྲིག་ཞིབ་ཚགས་དང་འཐུས་ཚང་གནང་ཡོད། ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ནི་མའོ་ཙེ་ཏུང་གིས་ཤེས་རྟོགས་དང་། དོ་ཁུར། བཀའ་མཆན། བཀོད་སྒྲིག ཁྱབ་སྤེལ་བཅས་གནང་བའི་འོག་བྱུང་བ་ཞིག་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会聚焦
བཞི། ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པའི་བྱུང་ཚུལ།
ཐོ་འགོད་རེའུ་མིག་གི་རེ་འདུན་ལྟར།