འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གྲོང་ཨུད་དྲིལ་བསྒྲགས་པུས་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་བཙུགས་ཏེ།གྲ་ནང་རྫོང་སློབ་འབྲིང་སོགས་སུ་བསྐྱོད་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་དང་མཛུབ་ཁྲིད་བྱས་པ་དང་།ལེགས་ཆ་གང་ཡོད་པ་ཤེས་རྟོགས་བྱས་པ་དང་མི་འདང་ས་གང་ཡོད་པ་འཚོལ་ཞིབ་བྱས་ནས་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་པ་རེད།
ལྟ་ཞིབ་ཀྱི་གཙོ་གནད་ལ་གཞིགས་ནས་ལས་འགན་གྱི་ཐོ་འགོད་རེའུ་མིག་བཟོས་པ།རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལག་བསྟར་ཇུས་གཞི་དང་།སྒྲོག་འགྲེལ་ཇུས་གཞི།དྲིལ་བསྒྲགས་ཇུས་གཞི་སོགས་ཀྱི་གཙོ་གནད་ལས་དོན་དང་།3•28ཀྱི་སྔ་རྗེས་ཀྱི་བྱེད་སྒོ་སྤེལ་ཚུལ།དེ་བཞིན་སྐུལ་སློང་བཀོད་སྒྲིག་ལས་དོན་གཞིར་བཟུང་།ལྟ་སྐུལ་མཛུབ་ཁྲིད་ཀྱི་འགྲོ་སྐྱོད་ཇུས་གཞི་ཞིབ་ཚགས་བཟོས་ཏེ་ཞིང་འབྲོག་མང་ཚོགས་དང་།གཞོན་ནུ་ལོ་ཆུང་གི་སློབ་མ།དགོན་སྡེའི་གྲྭ་བཙུན།གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་སོགས་ལྟ་སྐུལ་མཛུབ་ཁྲིད་ས་ཚིགས་17དང་གཙོ་གནད་ལྟ་སྐུལ་མཛུབ་ཁྲིད་ཀྱི་ནང་དོན་35གཏན་འཁེལ་བྱས་པ་དང་།ལྟ་སྐུལ་མཛུབ་ཁྲིད་ཀྱི་གཙོ་གནད་ལས་འགན་གཞིར་བཟུང་ཐོ་འགོད་རེའུ་མིག་བཟོས་ཡོད་པ་རེད།
ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་གནད་དོན་ཁག་གི་ཐོ་འགོད་རེའུ་མིག་བཟོས་པ།ལས་འགན་རེའུ་མིག་གཞིར་བཟུང་།ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།དཔྱད་གཞིར་ལྟ་ཞིབ་དང་སྙན་ཞུ་ཉན་པ།ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་སྤེལ་བ་བརྒྱུད།སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རྩ་འཛུགས་འགོ་ཁྲིད་དང་།སྐུལ་སློང་བཀོད་སྒྲིག སྒྲོག་འགྲེལ་སློབ་གསོ།ལག་ལེན་བྱེད་སྒོ།ཁོར་ཡུག་རྣམ་པ་བསྐྲུན་པ་སོགས་བྱས་པ་མ་ཟད།གཞི་རིམ་གྱི་གསར་གཏོད་བྱ་ཐབས།ལེགས་གྲུབ་ཉམས་མྱོང་།དཔེ་མཚོན་དཔེ་གཞི།གནས་པའི་གནད་དོན།འཕྲད་པའི་དཀའ་ངལ་སོགས་ཀྱི་ནང་དོན་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ནང་ཐུན་མོང་རང་བཞིན་གྱི་གནད་དོན་2དང་རང་གཤིས་ཀྱི་གནད་དོན་32བཏོན་ཡོད་པ་དང་།གནད་དོན་དེ་རྣམས་ཐོ་འགོད་རེའུ་མིག་བཟོས་ཡོད་པ་རེད།
ཚུར་ལན་བྱས་པའི་གནད་དོན་དག་གི་བཅོས་སྒྲིག་ཐོ་འགོད་རེའུ་མིག་བཟོས་པ།ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་རྗེས།གནད་དོན་གྱི་རེའུ་མིག་གཞིར་བཟུང་།ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པ་དང་མཉམ་དུ་གནད་དོན་ལ་དབྱེ་ཞིབ་བྱས་ནས་བཅོས་སྒྲིག་གི་བསམ་འཆར་དང་བཅོས་སྒྲིག་གི་དུས་བཀག་གསལ་པོ་བཟོས་པ་དང་།རྫོང་ངམ་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་བྱེད་སྒོའི་གཞུང་དོན་ཁང་གི་འགན་འཁུར་མི་སྣར་བརྡ་ཁྱབ་བཏང་ཡོད་པ་རེད།རྫོང་ངམ་ཆུས་12དང་ཁོངས་གཏོགས་ཚན་པ་3ལ་གྲ་ནང་དང་།གོང་དཀར།ཟངས་རི་བཅས་རྫོང་གསུམ་དུ་བསྐྱོད་དེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པའི་ཚུར་ལན་བསམ་འཆར་སྐོར་གྱི་བརྡ་ཐོ་བཏང་སྟེ།རྫོང་ངམ་ཆུས་ཁག་དང་ཁོངས་གཏོགས་ཚན་པ་ཁག་ལ་དུས་ཐོག་ཏུ་རང་བཤེར་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ།བྱེད་སྒོའི་སྒྲུབ་མི་ཐུབ་པ་དྲུག་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་ཕྱོགས་སྡོམ་བྱས་ནས་སྙན་ཞུའི་ཐོ་འགོད་རེའུ་མིག་བཟོས་པ།ལྟ་སྐུལ་མཛུབ་ཁྲིད་བྱས་རྗེས།ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཐོན་པའི་བཀྲག་འཚེར་ས་དང་ལྷག་པའི་གནད་དོན་ལ་གཞིགས་ནས་ལས་དོན་སྙན་ཞུ་བྲིས་པ་དང་།དུས་ཐོག་ཏུ་གནས་ཚུལ་སྙན་སེང་ཞུས་ནས་བསམ་འཆར་བཏོན་ཡོད་པ་རེད།གྲོང་ཁྱེར་གྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོའི་གཞུང་ལས་ཁང་གིས་ལས་དོན་སྙན་སྒྲོན་དེ་རྗེས་སོར་བྱེད་སྒོ་སྤེལ་བའི་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ།མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།