(པར་ངོས་དང་པོར་མཐུད) སྐུལ་ལྕག་གནང་བ་རེད། འཕྲིན་ལན་སྤྲིངས་གནང་ནས་ལོ་གཅིག་འཁོར་བའི་སྐབས་འདིར་2018ལོའི་ཟླ་10ཚེས་19ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཟེངས་བསྟོད་བྱས་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་སྤྱི་ཚོགས་ཡོངས་ལ་ཁོང་གཉིས་པོར་སློབ་སྦྱོང་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
《གཏན་འབེབས》ནང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ནི“རྒྱལ་གཅེས་མཐའ་སྲུང་གི་སྐལ་བཟང་མེ་ཏོག་མཛེས་ཤོས”དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཕུལ་དུ་བྱུང་བའི་འཐུས་མི། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པའི་ཕུལ་བྱུང་འཐུས་མི། ཆབ་སྲིད་ལ་སྣང་ཆེན་དང་དད་སེམས་ལྡན་པ་དང་། སྒྲིག་ལམ་ལ་སྣང་ཆེན་དང་སྒྲིག་ཁྲིམས་ལྡན་པ། ཀུན་སྤྱོད་ལ་སྣང་ཆེན་དང་སྤྱོད་ལམ་བཟང་བ། ལེགས་སྐྱེས་ལ་སྣང་ཆེན་དང་བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བཅས་བྱེད་པའི་གདོང་ལེན་དཔེ་བཟང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་འོས་པའི་དུས་རབས་ཀྱི་མིག་དཔེ་བཅས་རེད་ཅེས་བསྟན་པ་རེད།
《གཏན་འབེབས》ནང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་བྱས་ཏེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་མིག་དཔེར་བྱས་ནས་ནམ་ཡང་ཏང་མིས་ཏང་ལ་དགའ་ཞེན་བྱེད་པ་དང་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཁོང་ཚོའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བློ་བརྟན་འགྱུར་མེད་ངང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་སེམས་ཁྲལ་མཉམ་ཁུར་དང་ལས་འགན་གཙང་སྒྲུབ་ཀྱི་ཁོང་ཚོའི་འགན་ཁུར་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་ནམ་ཡང་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་གི་འབོད་སྐུལ་དང་ལེན་བ། ཏང་གི་འགན་འཁྲི་ཁུར་བ། ཏང་གི་ཆེད་དུ་ལས་འགན་གཙང་སྒྲུབ་བཅས་བྱེད་དགོས་པ། བླ་ན་མེད་པའི་རྒྱལ་གཅེས་མཐའ་སྲུང་གི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་མཐའ་གཅིག་ཏུ་གསལ་པོ་བཅད་དེ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། རྒྱུན་ཆད་མེད་པར་འབད་འབུངས་དང་མཐའ་དག་སྐྱེས་སུ་འབུལ་བའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་དགོས་པ། རང་ཉིད་ཀྱིས་འབད་འབུངས་དང་ཚེ་གང་ལས་ལ་བརྩོན་པའི་ཁོང་ཚོའི་ངལ་རྩོལ་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་དང་། ལྷག་པར་དུ་དེང་སྐབས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་གཡུལ་འགྱེད་ཁྲོད་ཏང་གི་སྲིད་ཇུས་བཟང་པོ་དེ་རང་ངོས་ཀྱི་འབད་འཐབ་དང་དཀའ་སྤྱད་ཕྱུག་འགྱུར་དང་ཟུང་འབྲེལ་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་པ་དང་འབད་འབུངས་ཀྱི་མི་ཚེར་བརྟེན་ནས་རང་ཉིད་ཀྱི“ཀྲུང་གོའི་ཕུགས་འདུན”མངོན་འགྱུར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་ཚད་མཐོའི་མཐོང་ཆེན་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ནས་སློབ་སྦྱོང་གི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་བཅས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་དང་ཐུགས་ཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་དགོས་པའི་འབོད་སྐུལ་བྱས་པ་རེད།