(པར་ངོས་དང་པོར་མཐུད) མི་དམངས་འཐུས་ཚོགས་ལས་ཀའི་རྣམ་པ་གསར་པ་གཏོད་པའི་རྩ་བའི་གཞི་འཛིན་ས་ཡིན།ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་གལ་ཆེའི་བཀའ་སློབ་དགོངས་པ་ཁོང་དུ་ཆུད་པ་བྱེད་དགོས་པ་དང་།ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅུ་ལག་བསྟར་སྲུང་བརྩི་ཞུས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཀར་མཛུབ་ཁྲིད་དང་སྐུལ་སྤེལ་གཏོང་དགོས་པ་དང་།འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ལོ་ངོ་ཞི་བཅུའི་དྲན་གསོའི་ལས་དོན་དང་ཟུང་འབྲེལ་གྱིས་མི་དམངས་འཐུས་ཚོགས་ལམ་ལུགས་འདི་ཉིད་བོད་དུ་ལག་ལེན་བྱེད་པའི་ལས་དོན་ཁག་དྲིལ་བསྒྲགས་རྒྱ་ཆེར་བྱས་ནས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་དེ་མི་སེམས་སུ་ཟུག་པ་བྱེད་དགོས་ཞེས་དང་།ཁོང་གིས།ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ཆབ་སྲིད་ནུས་པ་མཐོར་གཏོང་དང་།རིགས་གཞུང་དྲག་ཆས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་།དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་ཀའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།འགན་སྒྲུབ་ནུས་པ་ཤུགས་ཆེར་བཏང་ནས་གཞི་རིམ་མི་དམངས་འཐུས་ཚོགས་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་དགོས།ལས་སྲོལ་འགྱུར་ནས་བློ་དཀར་དྭངས་གཙང་འཁུར་ཕོད་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་མི་དམངས་འཐུས་ཚོགས་དཔུང་ཁག་ཞིག་ཆགས་པ་བྱེད་དགོས།འཚོལ་ཞིབ་གསར་གཏོད་ཕོད་པ་དང་།ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོར་ཕྱོགས་སྡོམ་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས།འབྲེལ་གཏུགས་དང་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ཐོག་མི་དམངས་འཐུས་ཚོགས་ལས་ཀའི་སྤྱི་ཡོངས་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཞུས་ཁྲེང་ཚང་གིས།ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་ཀའི་བཞུགས་མོལ་ཚོགས་འདུ་ལྷོ་ཁར་འཚོགས་པ་དེས་ང་ཚོར་སྐུལ་ལྕག་ཡིན་ལ་དེ་བས་ཀྱང་འཐབ་ཇུས་ཤིག་ཀྱང་ཡིན།རྗེས་སར་ལྷོ་ཁས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་འཐུས་ཚོགས་ལས་དོན་ཐད་གནང་བའི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་དགོས།ལྗོངས་ཏང་ཨུད་ཀྱི་སྲ་ཤིང་བརྟན་པའི་འགོ་ཁྲིད་འོག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གལ་ཆེན་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་གསུང་བཤད་གལ་ཆེན་དགོངས་པ་ལྟར་གྲོང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་འགོ་ཁྲིད་དང་བསམ་བློའི་འགོ་ཁྲིད།རྩ་འཛུགས་འགོ་ཁྲིད་བཅས་ལ་ཤུགས་སྣོན་རྒྱག་དགོས།མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་མཐུན་ལྟར་འགན་དབང་སྤྱོད་པའི་དབང་ཆར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་དང་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱེད་རྒྱུར་འགན་ལེན་བྱེད་དགོས་པ་དང་།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གནང་བའི་ལས་ཀའི་བཀོད་སྒྲིག་ཁག་ལྷོ་ཁར་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱས་ཏེ་དུས་རབས་གསར་པའི་འོག་གི་མི་དམངས་འཐུས་ཚོགས་ལས་ཀའི་དོན་དངོས་བྱ་སྤྱོད་ལ་འགྱུར་བྱས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་དགོས་པའི་ནན་བཤད་གནང་བ་རེད།