第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年11月16日 星期
3 上一篇 放大 缩小 默认
དེ་སྔའི་བྱེ་ཐང་དེང་གི་ནོར་གཞོང་ལ་འགྱུར་བ།
 

(པར་ངོས་དང་པོར་མཐུད) རྣམ་པས་ཁེངས་ནས་ཡོད།

འདི་ཁུལ་ནི་དེ་སྔ་བྱེ་མས་ཁེངས་པའི་ཐང་རྒོད་ཞིག་ཡིན་རུང་། ལོ་ཤས་ནང་། ངེད་གྲོང་ཁྱེར་གྱིས་གཙང་པོའི་བྱང་རྒྱུད་གསར་སྤེལ་ཤུགས་ཆེན་བྱས་པ་དེས་ད་ལྟ་བྱེ་མའི་ཐང་རྒོད་འདི་དག་ནོར་གཞོང་ལྟ་བུར་གྱུར་ཡོད།

གྲ་ནང་རྫོང་རྔ་སྒྲ་ཤང་གྲང་མདའ་གྲོང་ཚོའི་གྲོང་མི་སྐལ་བཟང་ཚེ་རིང་གིས་ལོ་བཅུ་གྲངས་ནང་ཆུ་འདྲེན་པ་དང་རྩྭ་ངན་འཐུ་བ། ལུད་རྒྱག་པ། ཡལ་གཅོད་བྱེད་པ། སྡོང་ཕྲུག་གསོ་བ་སོགས་ཀྱི་ལས་ཀ་བྱེད་མྱོང་ཡོད་ཅིང་། དེང་སྐབས་སྐལ་བཟང་ཚེ་རིང་གིས་གྲོང་ཚོའི་ཉེ་འགྲམ་དུ་སྡོང་ཕྲུག་རྟེན་གཞི་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་། རྟེན་གཞིས་ལག་རྩལ་གསོ་སྦྱོང་གི་འགན་འཁུར་གྱི་ཡོད་པས་ཁོ་པའི་ངོས་ནས་བཤད་ན་ཉིན་ལྟར་ངལ་ལས་ཡོང་འབབ་སྒོར་160ཡོང་གི་ཡོད་པ་མ་ཟད་ལོ་མཇུག་ཏུ་བྱ་དགའ་ཡང་རག་གི་ཡོད།

སྒོ་འགྲམ་ནས་ཡོང་འབབ་བྱུང་བ་མ་ཟད། ལས་ཞོར་དུ་ཁྱིམ་ཚང་ནང་གི་རྒན་འཁོགས་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད་པས་སྐལ་བཟང་ཚེ་རིང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་གནས་ལ་སྒྲོལ་ཐོག་བདེ་སྐྱིད་ཀྱི་འཚོ་བར་ཕྱོགས་བཞིན་ཡོད།

སྐལ་བཟང་ཚེ་རིང་དང་འདྲ་བར་སྐྱེ་ཁམས་ཐོན་ལས་དབུལ་སྐྱོར་འབབ་འཕར་ཁྲོད་དངོས་ཕན་ཐོབ་མཁན་མི་ཉུང་བ་ཞིག་བྱུང་ཡོད།

ཉེ་བའི་ལོ་ཤས་ནང་། ངེད་གྲོང་ཁྱེར་གྱིས་གོང་དཀར་དང་གྲ་ནང་། སྣེ་གདོང་བཅས་རྫོང་ངམ་ཆུས་3ཀྱི་གཙང་པོའི་བྱང་ངོས་ས་ཁོངས་ཀྱི་སྤྱི་ཡོངས་འཆར་འགོད་དང་ཟུང་འབྲེལ་གྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་ཤུགས་ཆེན་བྱེད་རྒྱུར་བརྟེན་ནས་འཕེལ་རྒྱས་ཆེན་པོ་ཡོང་བའི་རྩ་དོན་ལ་གཞིགས་ནས། གཙང་པོའི་བྱང་རྒྱུད་ས་ཁོངས་སུ་སྐྱེ་ཁམས་ཀྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཙང་པོའི་བྱང་རྒྱུད་ཐོན་ལས་ཁྱུ་ཚོགས་ཞིག་ཆགས་པ་བྱས་ཐོག་དེང་རབས་སྔོ་ལྗང་ཐོན་ལས་གླིང་ཁུལ་དང་དེང་རབས་ཞིང་འབྲོག་ལས་གླིང་ཁུལ་ཞིག་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།

དུས་མཚུངས། ཚོང་འགུག་མ་འདྲེན་བྱེད་ཤུགས་ལ་ཤུགས་སྣོན་བརྒྱབ་ཐོག་རང་འགུལ་ངང་རྒྱལ་ནང་གི་ཤིང་རྩྭ་འདེབས་འཛུགས་དང་། སྐྱེ་ཁམས་སླར་གསོ་བྱེད་མཁན་གྱི་སྣེ་འདྲེན་ཁེ་ལས་དང་འབྲེལ་མཐུད་བྱས་པས། མོང་ཚའོ་སྐྱེ་ཁམས་དང་། དབྱི་ལིད་ཐོན་ཁུངས། ཅང་ཕིང་སྐྱེ་དངོས་སོགས་ལས་རིགས་སྣེ་སྟོན་ཁེ་ལས་ཁག་གཅིག་མཇུག་གཉིས་མཐུད་ངང་གཙང་པོའི་བྱང་རྒྱུད་དུ་གཞིས་ཆགས་བྱུང་ཡོད།

ཁེ་ལས་ཁག་གིས་ཀྱང་ཚན་རྩལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་དེའི་སྐྱེ་དངོས་འདུལ་གསོ་དང་། ས་རྒྱུ་ལེགས་བཅོས་སོགས་ཀྱི་ཐབས་ལམ་བརྒྱུད། རི་རྒོད་ཐང་རྒོད་དུ་ཤིང་སོན་དང་རྩྭ་སོན་འདེབས་རྒྱུ་འཚོལ་ཞིབ་བྱས་པ་དང་། བོད་རྩྭ་མུའུ་ཁྲིའི་རྟེན་གཞི་དང་མུའུ་ཁྲིའི་བྱེ་འགོག་བྱེ་བཅོས་རྣམ་གྲངས། མུའུ་སྟོང་གི་དཔལ་འབྱོར་ནགས་གླིང་། མུའུ་སྟོང་གི་ཤིང་མངར་རྟེན་གཞི། དེ་བཞིན་ལི་ཁྲེ་འདེབས་འཛུགས་རྟེན་གཞི་སོགས་དབུལ་སྐྱོར་རྣམ་གྲངས་ཁག་ཅིག་འཛུགས་སྐྲུན་བྱས་པ་མ་ཟད། ཀུང་སི་དང་རྟེན་གཞི། དབུལ་ཁྱིམ་བཅས་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་པས་ཁུལ་དེའི་མང་ཚོགས་1400ལྷག་ཙམ་ལ་སྒོ་འགྲམ་ནས་ཡོང་འབབ་ཡོང་ཐུབ་པ་བྱུང་ཡོད།

དེ་མིན་ཁེ་ལས་དང་རྟེན་གཞི། ས་འཕུར་དཔལ་འབྱོར་བཅས་ཀྱི་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱས་པ་ལས་ས་ཐག་རིང་བ་དང་། ས་ཞིང་དཀོན་པ། རྣམ་གྲངས་ལག་བསྟར་དཀའ་བ་བཅས་ཡིན་པའི་གནས་མཁའ་གྲོང་ཚོས་ཐུན་མོང་ཐོག་བོགས་གཏོང་བྱས་པའི་ཁྲེ་ལི་ཙེའི་འདེབས་འཛུགས་རྟེན་གཞིའི་རྣམ་གྲངས་ཐོག་རྒུན་འབྲུམ་མུའུ་30འདེབས་འཛུགས་བྱས་པ་དེས་དབུལ་ཁྱིམ་30དང་མི་གྲངས་112དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱུང་བ་དང་། མི་རེའི་ཆ་སྙོམས་འབབ་འཕར་སྒོར་4000ཡན་ཟིན་ཡོད། ཡུལ་སྤོས་དབུལ་སྐྱོར་གྱིས་ཐོན་སྐྱེད་འཚོ་བ་ལེགས་བཅོས་བྱས་པ།ཡུལ་སྤོས་དབུལ་སྐྱོར་ནི་ཁག་གཅིག་བྱས་པ་ལྔའི་དབུལ་སྐྱོར་གནད་འཕིགས་ཁྲོད་ལས་འགན་ལྗིད་ཤོས་དང་དཀའ་ཁག་ཆེ་ཤོས་སུ་གྲགས་པའི་གཙོ་གནད་ལས་གཞི་ཞིག་ཡིན་ལ་དེ་བས་ཡུལ་གྱི་ཐོན་ཁུངས་ཀྱིས་ཡུལ་མི་གསོ་མི་ཐུབ་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ལ་འབོད།

ཉི་མ་བཀྲ་བཟང་ནི་བསམ་ཡས་སུ་ཡུལ་སྤོས་དབུལ་སྐྱོར་བྱས་པའི་ཁོངས་མི་གསར་པ་ཞིག་རེད། ཁོ་པའི་ཁྱིམ་གྱི་ནང་མི་4ཆ་ཚང་དེ་སྔོན་གྲ་ནང་རྫོང་གྲོང་གི་ལྷོ་ཕྱོགས་སུ་དཀྱིལ་རུའི་ཕུག་གི་ལུང་ཤུར་ནང་གནས་པའི་གཟར་ཕུ་ཤར་གྲོང་ཚོ་ནས་ཡིན་པ་རེད། གཟར་ཕུ་ཤར་གྲོང་ཚོའི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4000ལྷག་ཙམ་ཡོད་ཅིང་། ཐོན་སྐྱེད་ཐོན་ཁུངས་གཞན་དང་བསྡུར་ན་ཧ་ཅང་ཞན་པོ་ཡོད་པ་རེད།

ཡུལ་སྤོས་དབུལ་སྐྱོར་བྱ་ཡུལ་དུ་གནས་སྤོ་བྱས་པ་ནས་བཟུང་། ཁོ་པའི་ཁྱིམ་ཚང་གི་འཚོ་བར་གནམ་ས་བླ་འོག་གི་འགྱུར་ལྡོག་སོང་བ་དང་། སྲིད་གཞུང་གིས་དེ་གར་སྡོད་ཁང་གསར་པ་བརྒྱབ་ཡོད་པ་མ་ཟད་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་འཐུས་ཚང་སྒྲིག་སྦྱོར་བྱས་ཡོད་པས། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དཔེར་མི་སྲིད་པ་བྱུང་ཡོད་པ་རེད། ངེད་གྲོང་ཁྱེར་གྱིས་མི་འབོར་དང་། ངལ་ལས་ནུས་ཤུགས། ས་ཆ། ཐོན་ལས་རྣམ་གྲངས་སོགས་ཀྱི་མཐུན་རྐྱེན་གཙང་པོའི་བྱང་རྒྱུད་ཀྱི་ས་ཁོངས་སུ་གཅིག་བསྡུས་སྦྱར་ཐོག་ཡུལ་སྤོས་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་སྤེལ་བརྟན་པོས་བཏང་ཡོད་པ་རེད།

གོང་དཀར་རྫོང་འཕྲེང་འགོ་ཤང་གི་ས་བབ་མཐོ་བའི་སྐྱེ་ཁམས་ཡུལ་སྤོས་རྣམ་གྲངས་ལ་སྐུལ་སྤེལ་མྱུར་པོ་བཏང་ཞིང་། རྣམ་གྲངས་འདིར་འཆར་གཞི་ལྟར་ན་མ་འཇོག་སྒོར་དུང་ཕྱུར་2.28གཏོང་རྒྱུ་དང་དུད་ཚང་སྒོ་གྲངས་330དང་མི་གྲངས་1259ཡུལ་སྤོས་གཞིས་ཆགས་ཡོང་རྒྱུ་རེད། མིག་སྔར། ལས་གྲྭ་བསྐྲུན་ཚད་བརྒྱ་ཆ་46ལེགས་སྒྲུབ་ཟིན་ཡོད་པ་རེད།

གོང་དཀར་རྫོང་སྲིན་པོ་རིའི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྤོས་རྣམ་གྲངས་ལ་སྐུལ་སྤེལ་མྱུར་པོས་བཏང་ཞིང་། འཆར་གཞི་ལྟར་ན། ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་ནས་དུད་ཚང་སྒོ་གྲངས་911དང་མི་གྲངས་3849ཡུལ་སྤོས་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་རྣམ་གྲངས་དེའི་ས་ཆ་འོས་འདེམས་དང་། སྔོན་འགྲོའི་འཆར་འགོད་སྒྲིག་བཟོ། སྡོད་ཁང་བཟོ་ལྟའི་འཆར་འགོད་ཀྱི་འཐུས་ཚང་བཟོ་བཅོས་སོགས་ཀྱི་ལས་དོན་ལེགས་སྒྲུབ་ཟིན་ཡོད་པ་རེད།

ཆབ་མདོ་ས་ངན་ས་ཁོངས་ཁ་ཐོར་ཁུལ་གྱི་ཡུལ་སྤོས་རྣམ་གྲངས་ལ་སྐུལ་སྤེལ་མྱུར་པོས་བཏང་ཞིང་། རྣམ་གྲངས་དེར་ངེད་གྲོང་ཁྱེར་ལ་ཡུལ་སྤོས་བྱ་རྒྱུའི་དུད་ཚང་སྒོ་གྲངས་347དང་མི་གྲངས་2030ཡོད་པ་དག་འཆརགཞི་ལྟར་ན་སྣེ་གདོང་ཆུས་དང་། གྲ་ནང་རྫོང་། གོང་དཀར་རྫོང་། རྒྱ་ཚྭ་རྫོང་བཅས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད། མིག་སྔར་སྔོན་འགྲོའི་འཆར་འགོད་དང་ས་དཔྱད་ཚད་འཇལ་གྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

ངེད་གྲོང་ཁྱེར་གྱིས་ཡུལ་བབ་ཐོན་ཁུངས་ལ་གཞིགས་ཏེ་ཞིང་ལས་དར་སར་ཞིང་ལས་དང་། ནགས་བཟོ་འཕྲོད་སར་ནགས་བཟོ། ཡུལ་སྐོར་ལས་རིགས་དར་སར་ཡུལ་སྐོར་བཅས་མཐའ་ཁོངས་སྒོས་མང་ཚོགས་ཀྱིས་རྒྱུས་མངའ་ཆེ་བ་དང་། ལས་ཞུགས་ཐག་གང་ཉེ་དང་སྟབས་གང་བདེ། ཡུལ་ནས་ཁ་བྲལ་མི་དགོས་པ། ལས་ཤེས་པ་སྒྲུབ་ཐུབ་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཡུལ་བབ་དང་ཐོན་ཁུངས་ལ་བསྟུན་ནས་སྐྱེ་བསྲིང་ལེགས་ལ་ལེ་ལག་སྒྲིག་བཀོད་ཚང་བའི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་འཛུགས་སྐྱོང་གིས་ཡུལ་སྤོས་མང་ཚོགས་ཚོས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་བདེ་འཁོད། ཡོང་སྒོ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་དང་གཙང་པོའི་བྱང་རྒྱུད་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཉུང་མཐར་དབུལ་ཁྱིམ་མི་རེ་ངོ་རེའི་ནང་མི་གཅིག་ལ་ལག་ཤེས་རེ་བསྟན་རྒྱུ་ཡོད་པའི་རེ་འདུན་གཞིར་བཟུང་ཞིང་འབྲོག་མང་ཚོགས་ལ་ལག་ཤེས་སྦྱོང་བརྡར་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་སྦྲགས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བས་ཡུལ་སྤོས་མང་ཚོགས་ཀྱི་སེམས་ཁྲལ་ཆེ་ཤོས་དེ་ནི་ཐག་གཅོད་ཐུབ་ཡོད་པ་རེད།

ཕྱོགས་བསྡུས་གསར་སྤེལ་གྱི་ཕན་འབྲས་ཀྱིས་དབུལ་སྒྲོལ་ལ་འདེགས་སྐྱོར་གསོན་ཤུགས་མངོན་པ།སྐྱེ་ཁམས་དབུལ་སྐྱོར་ནི་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་དང་ཀྲུང་དབྱང་གིས་བཏོན་པའི་འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མ་ཞིག་ཡིན།

གྲ་ནང་རྫོང་དེང་རབས་ཞིང་ལས་ཀྱི་ཁྲེ་ལི་ཙེ་ཐོན་ལས་དབུལ་སྐྱོར་གྱི་འདེབས་འཛུགས་རྟེན་གཞིའི་ནང་ཟླ་བ་བཀྲ་ཤིས་ཀྱིས་ཤིང་ཏོག་ལྗོན་པར་ལུད་ཁ་སྣོན་བརྒྱབ་བཞིན་འདུག ཁོ་མོས་རྟེན་གཞིའི་ནང་ལས་ཀར་ཡོང་ན་ཁྱིམ་དང་ཐག་ཉེ་བ་མ་ཟད་དཀའ་ལས་དེ་ཙམ་མིན་འདུག ཉིན་གཅིག་ལ་ལས་གླ་སྒོར་150ལེན་རྒྱུ་འདུག་ཅེས་བརྗོད།

གཙང་པོའི་བྱང་རྒྱུད་འཕེལ་རྒྱས་གཏོང་བའི་འཛུགས་སྐྲུན་ཁྲོད། ངེད་གྲོང་ཁྱེར་གྱིས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བརྒྱུད་སྐྱེ་ཁམས་དབུལ་སྐྱོར་ལ་སྐུལ་སྤེལ་བཏང་ཞིང་། ཐོན་ལས་ཅན་གྱི་རྣམ་པས་གཞི་ཁྱོན་ཆེ་བའི་རྩྭ་རྩི་ཤིང་གི་འདེབས་འཛུགས་ལ་སྐུལ་སྤེལ་གྱིས་མང་ཚོགས་ཕྱུག་འགྱུར་དང་སྐྱེ་ཁམས་མཛེས་པའི་འབྱུང་འཕྲོད་འཕེལ་རྒྱས་ལམ་བུ་ཞིག་བཏོད་ཡོད་པ་རེད།

གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དང་རྔ་སྒྲ་ཤང་གིས་རང་འགུལ་ངང་སྐྱེ་ཁམས་ཐོན་ལས་རྣམ་གྲངས་འབྲེལ་མཐུད་སྒོས་དབུལ་སྐྱོར་གྱི་རླངས་འཁོར་སྐྱེལ་འདྲེན་རུ་ཁག་དང་ཨར་སྐྲུན་འཕྲུལ་ཆས་བོགས་གཏོང་སོགས་སྒྲིག་འཛུགས་བརྒྱུད་མི་གྲངས་4000ཙམ་རྣམ་གྲངས་འཛུགས་སྐྲུན་ནང་བཞུགས་ཐུབ་པ་བྱུང་བས་ཁྱོན་བསྡོམས་འབབ་འཕར་སྒོར་ཁྲི་1000ཟིན་པ་རེད།

སྣེ་གདོང་ཆུས་གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་7འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་ལ་སྣེ་ཁྲིད་སྒོས་འབབ་འཕར་སྒོར་73ཟིན་ཅིང་། རྣམ་གྲངས་བསྐྲུན་ཚར་རྗེས་དབུལ་ཁྱིམ་མང་ཚོགས་མི་གྲངས་379དབུལ་སྒྲོལ་ཐུབ་པར་སྣེ་ཁྲིད་བྱས་པ་རེད།

ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཁྲོད་མང་ཚོགས་ཀྱི་འབབ་འཕར་ལ་སྣེ་ཁྲིད་བྱས་པ་མ་ཟད་ད་དུང་ངེད་གྲོང་ཁྱེར་གྱིས་ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་འཛུགས་སྐྱོང་བྱས་ཏེ་རྣམ་གྲངས་བསྐྲུན་ཚར་རྗེས་དབུལ་ཕོངས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད། དེའང་། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུད་ཀྱིས་ཙང་ཚའོ་མུའུ་ཁྲིའི་མྱུ་གུའི་རྟེན་གཞི་དང་། དེང་རབས་ཞིང་འབྲོག་ལས་ཐོན་ལས་གླིང་རྣམ་གྲངས་ལ་མ་འཇོག་བྱས་ཤིང་། ལོ་ལྟར་མ་འཇོག་བྱས་པའི་མ་དངུལ་གྱི་བརྒྱ་ཆ་7.5ལ་གཞིགས་པའི་གཏན་འཇགས་ཁེ་ཕན་ལེན་ཐུབ་པ་མ་ཟད་སྣེ་ཁྲིད་འབབ་འཕར་སྒོར་ཁྲི་750བྱུང་བ་རེད། མ་དངུལ་ཡོངས་རྫོགས་གཅིག་ཏུ་སྒྲིལ་ནས་དབུལ་སྒྲོལ་འགག་གཏོར་ལ་སྤྱད་པ་རེད།ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྤྱད་དེ་མིང་ཤིན་འོད་གློག་ཐོན་ལས་ཀྱི་རྐང་དངུལ་བརྒྱ་ཆ་10སྟེ་སྒོར་ཁྲི་2000ཙམ་རེ་བ་མཁོ་སྒྲུབ་བྱས་པས་ཡོང་འབབ་གཏན་འཇགས་ཡུན་རིང་ལེན་རྒྱུ་ཡོད་པ་རེད།གྲ་ནང་རྫོང་གིས་ཐོན་ལས་རྣམ་གྲངས་ཀྱི་དངུལ་བུན་སྒོར་ཁྲི་14545དོན་འཁྱོལ་བྱས་ཐོག་དངུལ་བུན་སྒོར་ཁྲི་20གཡར་ཚེ་གཱ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་མི་འབོར་1དབུལ་སྒྲོལ་བྱེད་རྒྱུར་སྣེ་ཁྲིད་དགོས་པའི་རེ་འདུན་ཁ་གསལ་བཏོན་པ་དང་།ངལ་ནུས་མེད་པའི་གཱ་དང་ཡིག་ཚགས་བཟོས་པའི་དབུལ་ཁྱིམ་དུད་ཚང་གི་མི་རེར་ལོ་རེར་ཁེ་གཙང་སྒོར་4000བགོ་འགྲེམས་བྱས་པ་ལེན་རྒྱུ་བྱུང་ཞིང་མི་གྲངས་727གྱི་འབབ་འཕར་མངོན་འགྱུར་ལ་སྣེ་ཁྲིད་བྱས་པ་རེད།སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཁྲོད་ངེད་གྲོང་ཁྱེར་གྱིས་ཧུར་བརྩོན་ངང་མང་ཚོགས་ཀྱི་བསམ་བློའི་ལྟ་བ་འགྱུར་ལྡོག་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ་ས་ཞིང་བསྒྱུར་བཤུག་ལས་དོན་ལ་སྐུལ་འདེད་བྱས་པས་ཁྱོན་ས་ཞིང་མུའུ་13714.44བྱས་པ་དང་ལོ་ལྟར་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་འབབ་འཕར་ཁྱོན་བསྡོམས་སྒོར་ཁྲི་332.64བྱུང་བ་རེད།གཙང་པོའི་བྱང་རྒྱུད་ས་ཁོངས་སུ་ཤང་གྲོང་རྡལ་ཁག་གིས་སྐྱེ་ཁམས་ལས་གནས་རིགས་མི་གཅིག་པ་གྲངས་2924བཀོད་སྒྲིག་བྱས་ཏེ་ལོ་ལྟར་དབུལ་ཕོངས་མང་ཚོགས་ལ་ཡོང་འབབ་ཁྱོན་སྒོར་ཁྲི་877.2འཕར་སྣོན་བྱུང་བར་སྣེ་ཁྲིད་བྱས་ཡོད་པ་སོགས་མང་།

གཙང་པོའི་བྱང་རྒྱུད་ས་ཁོངས་སུ་ཕྱོགས་བསྡུས་གསར་སྤེལ་ལག་བསྟར་བརྒྱུད་ངེད་གྲོང་ཁྱེར་གྱིས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་སྒོས་དབུལ་ཐར་འགག་གཏོར་དང་སྐྱེ་ཁམས་འཛུགས་སྐྱོང་གཉིས་གཅིག་ལ་གཅིག་རྟེན་བྱུང་བ་དང་། ཆབ་སྲིད་ཕན་ནུས་དང་སྐྱེ་ཁམས་ཕན་ནུས་དེ་བཞིན་དཔལ་འབྱོར་ཕན་ནུས་བཅས་ཚང་མར་འབུར་ཐོན་བྱུང་ཞིང་། ལྷོ་ཁའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དབུལ་སྐྱོར་གྱི་ལམ་བུ་ཞིག་བཏོད་ཡོད་པ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:摄影
དེ་སྔའི་བྱེ་ཐང་དེང་གི་ནོར་གཞོང་ལ་འགྱུར་བ།