第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
གྲོང་ཨུད་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་ཆེད་དོན་ཞིབ་འཇུག་ཚོགས་འདུ་འཚོགས་པ།
ཟླ་9ཚེས་29ཉིན་ནས་ཟླ་10ཚེས་7ཉིན་བར།
གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ།
སྤྱོད་ཚུལ་སྒྱུར་བར་རང་དཔེ་གཞན་སྟོན་གྱིས། གཞི་རིམ་མང་ཚོགས་བདེ་སྡུག་སེམས་ནང་བཞག
རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ཁ་པར་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ།
| 山南网首页 |
2018年9月28日 星期
下一篇 4 放大 缩小 默认
གྲོང་ཨུད་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་ཆེད་དོན་ཞིབ་འཇུག་ཚོགས་འདུ་འཚོགས་པ།
ཞུས་ཁྲེང་ཚང་གིས་གཙོ་སྐྱོང་གནང་།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་དང་སྐོང་འཚོགས་གནང་སྟེ། རྣམ་གྲངས་འཛུགས་སྐྲུན་ལས་ཀར་ཞིབ་འཇུག་གནང་བ་རེད།

གྲོང་ཁྱེར་དབུ་ཁྲིད་སྐལ་བཟང་དང་། ལིའུ་ཀྲེ་ཆང་། ཧོ་ཕེ། ཝང་ཡུའོ་ཧྭ། ཧྥང་ཤུད། ཏེང་ཆོན། ཉི་མ་ཚེ་རིང་། ཡུས་ཁྲང་། ཧོང་ཅིན་ཁྲེང་། མུའུ་ཡུང་ཝུན། ཝང་ཞཱ། འཇམ་དབྱངས་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་རྫོང་ངམ་ཆུས་ཁག་དང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཀྱིས་ཁག་སོ་སོར་རྣམ་གྲངས་འཛུགས་སྐྲུན་ལས་དོན་སྤེལ་ཚུལ་སྙན་ཞུ་བྱས་པ་རེད།

ཚོགས་འདུས། གཅིག་ནས་རྣམ་གྲངས་ལས་དོན་ལ་མཐོང་ཆེན་པོ་བྱེད་དགོས་པ་སྟེ། ལྷོ་ཁའི་ངོས་ནས་བཤད་ན། རྣམ་གྲངས་དམ་འཛིན་བྱེད་རྒྱུ་དེ་ནི་དཔལ་འབྱོར་དང་འཕེལ་རྒྱས་ལ་དམ་འཛིན་བྱས་པ་ཞིག་ཡིན་པས་རིམ་ཁག་ཏང་ཨུད་སྲིད་གཞུང་དང་ཚན་པ་ཁག་གིས་ངེས་པར་དུ་འདུ་ཤེས་བཞི་བརྟན་པོ་འཛུགས་དགོས་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་སྣང་ཆེན་བྱེད་པའི་ཐོག་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་དགོས་པ། རྣམ་གྲངས་ལས་ཀའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ། ལྷག་དོན་དུ་རྫོང་ངམ་ཆུས་ཁག་དང་དཔལ་འབྱོར་ཚན་པ་ཁག་གི་ཏང་ཨུད་དམ་ཏང་ཙུའུ་ཧྲུའུ་ཅིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་དོན་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ། རྣམ་གྲངས་ལས་ཀའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཏེ་རང་འགུལ་ངང་ཞིབ་འཇུག་འཆར་འགོད་བྱེད་དགོས་པ། བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་གཞིས་ཆགས་པ་དང་འཛུགས་སྐྲུན་ཐུབ་པ། མ་འཇོག་ཐོན་སྐྱེད་ཐུབ་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་དགོས།

གཉིས་ནས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་སྟེ། གཙོ་གནད་རྣམ་གྲངས་ཁག་གིས་ལས་ཀའི་ཆེད་སྒྲུབ་ཚོགས་ཚུང་བཙུགས་ཏེ་རྣམ་གྲངས་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་། ཆེད་མངགས་ལྟ་མཁན་ཡོད་པ་བྱེད་དགོས། རྣམ་གྲངས་ཀྱི་རྗེས་འདེད་འགན་འཁྲིའི་ (པར་ངོས་གསུམ་པར་གཟིགས)

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
གྲོང་ཨུད་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་ཆེད་དོན་ཞིབ་འཇུག་ཚོགས་འདུ་འཚོགས་པ།
ཟླ་9ཚེས་29ཉིན་ནས་ཟླ་10ཚེས་7ཉིན་བར།
གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ།
སྤྱོད་ཚུལ་སྒྱུར་བར་རང་དཔེ་གཞན་སྟོན་གྱིས། གཞི་རིམ་མང་ཚོགས་བདེ་སྡུག་སེམས་ནང་བཞག
རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ཁ་པར་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ།