འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས།གྲོང་ཁྱེར་གྱིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་སྲིད་གཞུང་།སྲིད་གྲོས།ཁྲིམས་ཁང་།ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་ཞུའི་གསན་པ་དང་།ཡར་ཀླུང་གཙང་པོའི་དབུས་རྒྱུད་བཟོ་ནང་དྭགས་པོ་ནས་ཟངས་རིའི་ཆུ་བོ་རྒྱུག་ཁུལ་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭའི་འཆར་འགོད་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུས།འདས་པའི་ལོ་གཅིག་ནང་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་སྲིད་གཞུང་།སྲིད་གྲོས།ཁྲིམས་ཁང་།ཞིབ་དཔྱོད་ཁང་བཅས་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་།ལྟེ་བར་མཐའ་སྐོར་བ་དང་སྤྱི་ཡོངས་ལ་ཞབས་ཞུ།རང་འགན་གཙང་སྒྲུབ། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཀྱི་ཐོག་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག་སྤྱོད་ཚུལ་ལ་འགྱུར་ལྡོག་དང་དངོས་དོན་སྒྲུབ་པར་མཐོང་ཆེན།ཁྲིམས་བཞིན་གྲོང་ཁྱེར་སྐྱོང་བ།ཁྲིམས་བཞིན་སྲིད་འཛིན།མཐུན་སྦྱོར་ངང་མཉམ་ལས་བྱེད་པ།བརྟན་ལྷིང་སྲུང་སྐྱོང་།དཔལ་འབྱོར་གོང་འཕེལ།མི་སེམས་གཅིག་སྒྲིལ།མཐའ་མཚམས་སྲ་བརྟན།མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་ཐོན་ཏེ་ལྷོ་ཁའི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད་ཅེས་བཤད།
ཚོགས་འདུས།གཅིག་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ཐོག་ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་གདེང་ཚོད་བཞི་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་(པར་ངོས་གསུམ་པར་གཟིགས)