第04版:社会焦点 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月26日 星期
3 上一篇 放大 缩小 默认
རང་རྒྱལ་གྱི་དྲ་དམངས་བརྒྱ་ཆ་74.1གིས་ བརྙན་ཐུང་བཀོལ་སྤྱོད་བྱེད་པ།
 

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ།ཉེ་སྔོནཔེ་ཅིང་དུ་ཡོངས་བསྒྲགས་བྱས་པའི་ཀྲུང་གོའི་དྲ་སྦྲེལ་དྲ་རྒྱའི་འཕེལ་རྒྱས་གནས་ཚུལ་བསྡོམས་རྩིས་སྙན་ཞུ་ཐེངས་42གཞིར་བཟུང་།སྙན་ཞུའི་ནང་གསལ་དོན།2018ལོའི་ལོ་སྟོད་དུ།རང་རྒྱལ་གྱི་དྲ་རྒྱའི་རོལ་རྩེད་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེ་བ་དང་བརྙན་ཐུང་བཀོལ་སྤྱོད་བྱ་རྒྱུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད།དྲ་དམངས་བརྒྱ་ཆ་74.1གིས་བརྙན་ཐུང་བཀོལ་སྤྱོད་བྱེད་ཀྱི་ཡོད།2018ལོའི་ལོ་སྟོད་དུ་ཁྲོམ་རའི་དགོས་མཁོ་ཆེན་པོར་ཁ་གཏད་གཅོག་ཆེད་དེ་མཚུངས་ཀྱི་སྲིད་ཇུས་བཏོན་ནས་དྲ་སྦྲེལ་རོལ་རྩེད་ཀྱི་ལས་རྣམ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་པ་སྟེ།དྲ་རྒྱའི་རིག་གནས་རོལ་རྩེད་ཀྱི་ནང་དོན་སྔར་བས་ཚད་ལྡན་བཟོས་པ་དང་།དྲ་རྒྱའི་རོལ་དབྱངས་དང་རྩོམ་རིག་པར་དབང་གི་ཁོར་ཡུག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ།དྲ་རྒྱའི་རོལ་རྩེད་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་བཅོས་སྒྲིག་བྱས་པ།བརྙན་ལམ་ལས་རིགས་ཀྱིས་ནང་དོན་ལྟེ་བར་བྱེད་པའི་སྣོད་བཅུད་མ་ལག་བཙུགས་པ།ཐད་གཏོང་ལས་སྟེགས་དེ་ཞིབ་ཚགས་ཅན་གྱི་གཉེར་སྐྱོང་དུས་མཚམས་སུ་སླེབས་པ་བཅས་རེད།ད་དུང་སྙན་ཞུའི་ནང་།སྤྱི་ཚོགས་ཀྱི་འབྲེལ་བའི་བཀོལ་སྤྱོད་སྒུལ་བདེ་ཅན་དང་དམངས་ཡོངས་ཅན་གྱི་འཕེལ་ཕྱོགས་སྔར་བས་ཤུགས་ཆེར་ཕྱིན་པ་དེ་དྲ་དམངས་ཀྱིས་དུས་ཚོད་ལྷག་འཕྲོ་བེད་སྤྱོད་བྱེད་པའི་ཐབས་ལམ་ཡིན་ཞེས་བསྟན་པ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
བོད་ལྗོངས་སུ་ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་ དཔལ་འབྱོར་ཁུལ་བཏོད་པ།
བོད་ལྗོངས་གློག་རྡུལ་ཁྲལ་དོན་ཅུད་དངོས་སུ་སྤྱོད་འགོ་ཚུགས་པ།
སླེའུ་ཤར་ཟམ་ཆེན་དུ་རླངས་འཁོར་ ཤར་གཏོང་ཐུབ་རྒྱུ་ཡིན་པ།
རང་རྒྱལ་གྱི་དྲ་དམངས་བརྒྱ་ཆ་74.1གིས་ བརྙན་ཐུང་བཀོལ་སྤྱོད་བྱེད་པ།