འདི་ལོ་ནས་བཟུང་། རང་རྒྱལ་གྱིས་ལོ་རེའི་ལུགས་རྙིང་ལོ་ཐོའི་སྟོན་མཉམ་གྱི་དུས་ཚིགས་དེ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་གཏན་འཁེལ་བྱས་ཤིང་། དེ་ནི་རྒྱལ་ཁབ་ཀྱིས་ཆེད་མངགས་ཞིང་པར་གཏན་འབེབས་བྱས་པའི་དུས་ཆེན་ཞིག་ཡིན་པ་རེད།
ཉེ་བའི་ལོ་ཤས་ནང་། བོད་ལྗོངས་ཀྱིས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་མཐའ་འཁྱོངས་དང་ལོ་གསུམ་བསྟུད་མར་འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་100ཡན་ཟིན་རྒྱུ་རྒྱུན་འཁྱོངས་བྱས་པས། འབྲུ་རིགས་དང་ལྷག་དོན་ནས་ཀྱི་བདེ་འཇགས་འགན་སྲུང་ཐུབ་ཡོད། འབྲས་ལྡན་སྟོན་གྱི་དུས་ཆེན་དུས་ནི་མཛེས་སྡུག་ལྡན་ཞིང་མི་རྣམས་སྤྲོ་བ་འཕེལ་བའི་དུས་ཤིག་རེད། སྙེ་ལྕོག་ལྡེམ་ལྡེམ་ཞིང་ནང་དུ། ནས་ཀྱི་དྲི་ཞིམ་ལྷང་ལྷང་འཐུལ། འབྲས་ལྡན་དུས་ཚིགས་འདིར་བོད་དུ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དང་པོ་དགའ་གཏོང་བྱས་པ་རེད།
འདིར་འཁོད་པར་རིས་དག་ནི། པར་ལེན་པས་དུས་ཆེན་རིང་བོད་ཀྱི་ས་གནས་ཁག་ཏུ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དགའ་གཏོང་བྱེད་བཞིན་པའི་གནས་ཚུལ་རེད།