第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月26日 星期
下一篇 4 放大 缩小 默认
ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་གཏོང་དང་ཞིང་འབྲོག་
 

(པར་ངོས་དང་པོར་མཐུད) སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་ཁུར་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ“ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་གཏོང་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ལུགས”བཏོན་ཏེ་ཕྱོགས་གཅིག་ནས་གཞུང་ཁོངས་ཁེ་ལས་ཀྱི་རྒྱལ་ཁབ་རྒྱུ་ནོར་སྒྱུར་བཅོས་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བ་དང་། ཅིག་ཤོས་ནས་གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་རྒྱུར་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱི་ཁེ་ཕན་བགོ་བཤའ་དེ་བས་མང་ཆེ་བ་ལས་བཟོར་ཕྱོགས་པ་དང་ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པ་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། ལས་བཟོ་ལས་ཞུགས། དམངས་འཚོ་ལེགས་བཅོས་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ན་ནིང་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་3375.01ཟིན་པ་དང་གོང་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་21.46འཇལ་ཡོད། གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོའི་ལོའི་ཡོང་འབབ་སྒོར་ཁྲི་9.7ཟིན་ནས་ལོ་རེར་ཆ་སྙོམས་16.66%འཕར་ཡོད། ལག་ལེན་གྱི་ཉམས་མྱོང་ཐོག་ནས“ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་གཏོང་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ལུགས”བཏོན་པ་དེས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་བཟོའི་ཁེ་དབང་སྲུང་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བ་དང་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་ཁེ་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པ་གསལ་བཤད་བྱས་ཡོད།

ཁེ་ལས་ནི་ཁྲོམ་རའི་དཔལ་འབྱོར་གྱི་བྱེད་པོ་གཙོ་བོ་ཞིག་རེད། གཞུང་ཁོངས་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་འགག་རྩ་ནི་གཞུང་ཁོངས་ཁེ་ལས་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་རྒྱུན་ཆད་མེད་པར་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་རེད། མིག་སྔར་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས“ཆུང་བ་དང་། ཁ་ཐོར། ཞན་པ”བཅས་ཀྱི་རྣམ་པར་རྩ་བ་ནས་འགྱུར་ལྡོག་བྱུང་མེད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དཀའ་ངལ་དང་ལས་བཟོའི་གླ་སྤོར་སྔོན་དཔག་ལྟར་མི་འཕྲི་བའི་དབར་འགལ་ཟླ་མངོན་གསལ་དོད་པ། ཁེ་ལས་ཀྱི་ཡོང་འབབ་བགོ་བཤའི་ལྕག་འདེབས་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། ཆ་སྙོམས་རིང་ལུགས་དང“གྲོད་པ་སྤྱི་བརྟེན”གྱི་སྣང་ཚུལ་སྔར་བཞིན་གནས་པ་བཅས་རེད། ངེས་པར་དུ“གཞུང་ཁོངས་མ་རྩའི་རིན་ཐང་འགན་ལེན་དང་རིན་ཐང་འཕར་མར་ཕན་པ་དང་། གཞུང་ཁོངས་དཔལ་འབྱོར་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་པ། གཞུང་ཁོངས་མ་རྩའི་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་པ”བཅས་ཀྱི་ཚད་གཞི་གཞིར་བཟུང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས།

ཁེ་ལས་ལ་དངུལ་རག་ཐུབ་པ་དང་མང་ཚོགས་འབབ་འཕར་ཐུབ་པ་བྱེད་དགོས། གཞུང་ཁོངས་ཁེ་ལས་ནི་དམངས་ཡོངས་ལ་དབང་བ་ཞིག་ཡིན་པས། བློས་འགེལ་ཆོག་པ་དང་། སྟོབས་དང་ལྡན་པ། ཆེས་སྔོན་ཐོན་བཅས་ཀྱི་དངོས་པོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ལ་འགན་སེམས་བཅངས་ནས་དམངས་འཚོར་བདེ་སྐྱིད་སྐྲུན་པ་དང་། སྣོད་བཅུད་ཤེས་དཔལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་པ། གཞུང་དྲང་དྲང་བདེན་འགན་ལེན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱེད་དགོས། ཐོབ་ཆའི་གྲུབ་ཆ་མུ་མཐུད་ལེགས་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་ལས་གནས་བྱས་རྗེས་ལ་གཞིགས་པའི་ཕན་འབྲས་ཀྱི་གླ་ཕོགས་ལམ་ལུགས་ཁྱབ་གདལ་བཏང་སྟེ་ཁེ་ལས་ཀྱི་རིགས་ཁག་གི་ཤེས་ལྡན་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས། ཁེ་ལས་ཀྱིས་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འགན་འཁྲི་ཁུར་རྒྱུར་ཁྲིད་སྟོན་བྱས་ཏེ“སྣེ་འདྲེན་ཁེ་ལས+རྟེན་གཞི+ཞིང་དུད”སོགས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཐབས་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་གཏོང་བ་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དེ་བས་མང་བ་ནང་འདྲེན་དང་སྐྱེད་སྲིང་བྱེད་དགོས། ཞིང་འབྲེལ་ཁེ་ལས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་མང་ཙམ་བཏང་ནས་ཞིང་ཞོར་ཐོན་ཟོག་ཉོ་སྒྲུབ་ཀྱི་རིན་གོང་མཐོ་རུ་འོས་འཚམ་བཏང་སྟེ་ཁེ་ལས་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི“གཉིས་ཁེ”མངོན་འགྱུར་བྱེད་དགོས།

ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་ཤིག་དང་ཁེ་ལས་ཀྱི“རྩ་བ”དང“བླ་སྲོག”ལྟ་བུ་རེད། ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་གཏོང་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ན། ངེས་པར་དུ་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཀུང་སིའི་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཅིག་གྱུར་ཡོང་བ་བྱས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པའི་འགན་ལེན་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་འཛུགས་སྐྱོང་གི་ཕན་པ་ཡུན་རིང་ཐོན་པ་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་མིན་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་ཐུབ་མིན་དེ་ཁེ་ལས་ཀྱི་སྒྱུར་བཅོས་ཕན་འབྲས་ལ་གདེང་འཇོག་བྱེད་པའི་ཚད་གཞིར་བརྩིས་ནས་ཁེ་ལས་ཀྱིས་དམངས་ལ་ཕན་པ་བསྐྲུན་རྒྱུར་ཁྲིད་སྟོན་གྱིས་མི་དམངས་མང་ཚོགས་ཚོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་གཏོང་དང་ཞིང་འབྲོག་
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།