第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年9月26日 星期
3 上一篇 放大 缩小 默认
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
 

(པར་ངོས་དང་པོར་མཐུད) རྣམ་པ་ཡག་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རང་རེའི་ཏང་གིས་ཡུན་རིང་གསོག་འཇོག་བྱས་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་གི་རྩ་ཆེའི་སྲོལ་རྒྱུན་དར་སྤེལ་བཏང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གཞི་རིམ་གྱིས་བཏོད་པའི་བྱེད་སྟངས་ཡག་པོ་དང་ཉམས་མྱོང་བཟང་པོ་ཡང་གང་ལེགས་མངོན་ཡོད། དེའི་གཏན་འབེབས་ཁ་གསལ་བ་དང་དོན་དངོས་དང་མཐུན་པ་ཞིག་ཡོད།

《སྲོལ་ཡིག》བཟོས་ནས་ལག་བསྟར་བྱས་པ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་དུས་རབས་གསར་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེ་ནི་ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཏང་ཀྲི་པུའི་རྩ་འཛུགས་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཏང་ཀྲི་པུའི་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཏང་གིས་ཡུན་རིང་སྲིད་འཛིན་པའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲི་པུའུ་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་རྩ་འཛུགས་མ་ལག་འཛུགས་སྐྱོང་གི་གཞི་རྩའི་ནང་དོན་ཞིག་ལ་བརྩིས་ནས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་ཏང་ཀྲི་པུའུ་འཛུགས་སྐྱོང་སྲ་བརྟན་དུ་གཏོང་བ་དང་གསར་དར་ཁྱབ་ཁོངས་ཀྱི་ཏང་ཀྲི་པུའུ་རྒྱ་སྐྱེད་དང་འཛུགས་སྐྲུན་བྱས་ཏེ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་སྟོབས་ཤུགས་དང་འགོ་ཁྲིད་ཀྱི་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འཇོན་ཐང་མངོན་གསལ་དོད་དུ་གཏོང་བ། ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལ་ཐད་ཀར་སློབ་གསོ་གཏོང་བ་དང་། ཏང་ཡོན་ལ་དོ་དམ། ཏང་ཡོན་ལ་ལྟ་སྐུལ། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གཅིག་སྡུད། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པའི་འགན་འཁྲི་ཡག་པོ་འཁུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཏང་ཀྲི་པུའུ་ལ་དམ་འཛིན་ཡག་པོ་བྱེད་པ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ཞིག་ལ་བརྩིས་ནས། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ངོ་མ་ཞུགས་པ་དང་ཀྲི་པུའུ་རུ་བསྐྱོད་དེ་ཀྲི་པུའུ་ལ་དམ་འཛིན་བྱས་ནས་ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ཀྲི་པུའུ་ལ་དམ་འཛིན་ཡག་པོ་བྱེད་པ་ཏང་འཛུགས་སྐྱོང་གི་ལས་ཀའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་གཞི་རྩའི་ཚད་གཞིར་བརྩིས་ནས་ཏང་འཛུགས་སྐྱོང་གི་ལས་དོན་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་རབས་གསར་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་ངེས་པར་དུ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ལྡན་དགོས་ཤིང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ལས་འགན་ཨང་དང་པོར་བརྩིས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་མཐའ་འཁྱོངས་ལྷོད་མེད་བྱེད་པ་དང་ཏང་གཤིས་སློབ་གསོའི་ཤུགས་སྣོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སློབ་སྦྱོང་སློབ་གསོ་ཤུགས་ཆེན་སྤེལ་བ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་རྐང་འདིར་དམ་འཛིན་ནན་པོ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་པ་བཅས་ལ་དམ་པོར་དམིགས་པ། ཡུན་རིང་མཐའ་འཁྱོངས་དང་། མུ་མཐུད་ཤུགས་འདོན། ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། མ་ལག་གི་དབང་གྲགས་བསླབ་གཞིར་ཁྱབ་པ་དང་། ཏིང་ཟབ་ལ་གསོན་ཉམས་ལྡན་པའི་སྒོ་ནས་སློབ་ཁྲིད་བྱེད་པ། རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་ངེས་པ་བཅས་བྱས་ནས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་མི་སེམས་ལ་ཟུག་པ་དང་རྩ་བ་བརྟན་ཚུགས་ལ་སྐུལ་འདེད་གཏོང་དགོས། ཆེད་ལས་ཀྱི་འཇོན་ཐང་དང་ཆེད་ལས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་མཉམ་འདུས་རྣམ་པའི་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་ལ་དམིགས་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ། “འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་ལེན་པ་སོགས་ལ་དམིགས་ནས། དངོས་སྒྲུབ་གོ་ཆོད་ཀྱི་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ལས་གནས་ཐོག་མེད་དུ་མི་རུང་བའི་གཞི་རྩའི་ཤེས་བྱ་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དུས་རབས་གསར་པ་དང་འཚམ་མཐུན་དང་། དམིགས་ཚད་གསར་པ་མངོན་འགྱུར། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བའི་ཐད་འབད་བརྩོན་དང་། ལས་བྱེད་པ་འཚར་ལོངས་ཀྱི་ཆོས་ཉིད་དང་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དགེ་རྒན་གྱི་གཙོ་ཁྲིད་ནུས་པ་དང་སློབ་མའི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ། སྣོད་བསྟུན་སློབ་ཁྲིད་དང་ཕན་འབྲས་དངོས་ལ་སྣང་ཆེན་གྱིས་ཕྱི་ཚུལ་རིང་ལུགས་ཀྱི་གསོ་སྦྱོང་ལ་བཀག་འགོག་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭ་དང་ལྷག་པར་དུ་གཞི་རིམ་གྱི་ཏང་གི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཁྱིམ་ཚང་ཆེ་མོ་དང་མར་ཁེ་སི་རིང་ལུགས་ལ་ལྷག་བསམ་རྣམ་དག་དང་རིག་ཚན་གྱི་ཁྱབ་ཁོངས་ནང་ཤུགས་རྐྱེན་ངེས་ཅན་ལྡན་པའི་གྲགས་ཅན་རིགས་གཅིག་མཁས་ཅན་ཁག་གཅིག་སྐྱེད་སྲིང་བྱས་ནས་ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་དགོས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སློབ་སྲོལ་བཟང་པོ་དར་སྤེལ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་དང་ཟུང་འབྲེལ་དང་། ང་ཚོས་ད་ལྟ་སྒྲུབ་བཞིན་པའི་བྱ་བ་དང་ཟུང་འབྲེལ། ལས་བྱེད་པའི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ། གནད་སྨིན་ཅན་གྱི་སློབ་གསོ་གསོ་སྦྱོང་རིགས་དབྱེ་དང་རིམ་དབྱེའི་སྒོ་ནས་སྤེལ་བ་བཅས་བྱས་ནས་རྒྱ་ཆེའི་ལས་བྱེད་པར་སྦྱངས་པ་གོ་ཆོད་དང་ཤེས་སྤྱོད་ཟུང་འབྲེལ་ལ་ཁྲིད་སྟོན་བྱེད་དགོས། སློབ་གྲྭ་ནན་པོས་སྐྱོང་བ་དང་། དགེ་རྒན་ནན་པོས་སྐྱོང་བ། སློབ་མ་ནན་པོས་སྐྱོང་བ་བཅས་མཐའ་འཁྱོངས་ཀྱིས་དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་ཕོད་པ། དམ་འཛིན་ནན་པོ་དང་དོ་དམ་ནན་པོ་བྱས་ནས་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་དེ་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་ཟབ་ཏུ་གཏོང་བ་དང་སྤྱོད་ཚུལ་ལེགས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ཁེ་ལས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་དང་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་གཏོང་དང་ཞིང་འབྲོག་
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།