第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年7月30日 星期
3 上一篇 放大 缩小 默认
རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས།
གཙང་བཤེར་བྱ་སྤྱོད་སྤེལ་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བདེ་འཇགས་དང་ཞི་མཐུན་གྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་གི་ཁོར་ཡུག་བཏོད་དེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་ཆེད། ཟླ་7ཚེས་4ཉིན་གྱི་དགོང་མོར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱི་ཁོའོ་ཧྲི་ཁག་གིས་དམངས་ཕན་ཉེན་རྟོགས་ཞབས་ཞུའི་ས་ཚིགས་ཁག་དང་མཉམ་དུ་མཚན་བཤེར་བྱ་སྤྱོད་སྤེལ་བ་རེད།

མཚན་བཤེར་བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་དགོང་མོར་ཚོང་གཉེར་བྱེད་བཞིན་པའི་KTVདང་། མགྲོན་ཁང་། གསོལ་མགྲོན་ཁང་། དྲ་ཁང་སོགས་ལ་ཞིབ་བཤེར་བྱས་པ་དང་། མི་དམངས་ཉེན་རྟོག་པ་དེ་དག་གིས་སྤྱི་ཚོགས་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་དང་། མེ་ཟོན་སྒྲིག་བཀོད་རྒྱུན་ལྡན་ལྟར་འཁོར་རྒྱུག་ཐུབ་མིན། མེ་གསོད་དང་འཕྲལ་སྡོམ་ཁ་འགྲེམ་བྱེད་ཐབས་དོན་འཁྱོལ་བྱས་ཡོད་མེད། སྒྲིག་འགལ་ངང་མེ་དང་གློག་བེད་སྤྱོད་བྱས་ཡོད་མེད། གཙོ་གནད་ཚན་པ་ཁག་གི་ལས་རེས་མི་སྣ་ལས་གནས་ཐོག་ཏུ་ཡོད་མེད་སོགས་ལ་ཞིབ་བཤེར་ནན་ཏན་བྱས་པ་རེད།

འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྫོང་གྲོང་གི་ལམ་དུམ་གཙོ་བོ་ཁག་ལ་དམིགས་ནས་ཆང་བཏུངས་འཁོར་གཏོང་དང་། འཁོར་རྟགས་དང་ཡང་ན་ལག་ཁྱེར་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་རིགས་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།

ཐེངས་འདིའི་བྱ་སྤྱོད་ཁྲོད་ཁྱོན་ཉེན་རྟོག་པ་38དང་རླངས་འཁོར་7མངགས་ནས་གཙོ་གནད་ཚན་པ་24དང་། རོལ་རྩེད་ཁུལ་10 ཚོང་ཁང་48 བོགས་གཏོང་ཁང་པ་299 ཕྱོགས་མི་764 འགྲོ་འོང་རླངས་འཁོར་82བཅས་ལ་ཞིབ་བཤེར་བྱས་པར་ཁྲིམས་འགལ་བྱེད་སྤྱོད་4རྩད་ཆོད་པ་དང་། མི་18ལ་གནས་སྡོད་ལག་ཁྱེར་གཉེར་དགོས་པའི་ལྕག་སྐུལ་བྱས་པ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
འགོ་བརྗོད་གསར་འགྱུར།
སྣེ་གདོང་ཆུས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་སྒྲོལ་ འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ།
མི་དམངས་ཉེན་རྟོག་པའི་སྐར་ཁུང་མང་དུ་བཏང་བ།
གཙང་བཤེར་བྱ་སྤྱོད་སྤེལ་བ།