འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན། སྣེ་གདོང་ཆུས་ཀྱིས་གནད་སྨིན་དབྱེ་འབྱེད་དང་གནད་སྨིན་འཐེན་བཤེར་བྱས་པ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1943གྱི་མི་གྲངས་5324གཏན་འཁེལ་བྱས་པ་དེས་གྲོང་གསེབ་མི་འབོར་གྱི་བརྒྱ་ཆ་14.22བཟུང་ཡོད་པ་རེད། 2016ལོའི་ལོ་མཇུག་ཏུ་སྣེ་གདོང་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་ཚོད་སྐོར་དང་རང་སྐྱོང་ལྗོངས་ཀྱི་སྣོལ་སྡེབ་དཔྱད་ཞིབ་ཚད་ལེན་ཚོད་ལྟ་བདེ་བླག་ངང་བྱེད་ཐུབ་པ་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་1942ཀྱི་མི་གྲངས་5323དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པ་མ་ཟད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དབུལ་ཞྭ་ཕུད་ཐུབ་པའི་ཡིག་ཐོག་སྙན་ཞུ་ཕུལ་བའི་རྫོང་དང་ཆུས་ལྔ་ཡི་གྲས་ཤིག་ཏུ་གཏན་འཁེལ་བྱས་པ་རེད། 2017ལོའི་ཟླ་11ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྣེ་གདོང་ཆུས་ཀྱི་དབུལ་ཞྭ་ཕུད་པའི་ཁྱབ་བསྒྲགས་བྱས་པ་རེད།
འདི་ལོ་ཚུན།སྣེ་གདོང་ཆུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་གཏོང་བའི་ཐད་མི་འབོར་དབུལ་པོར་དམིགས་ནས་གཅིག་སྡུད་ཐོག་འགག་སྒྲོལ་དང་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་རྒྱུན་མཐུད་ངང་བཏང་བ་དང་། ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་བཏང་བ། དམངས་གཙོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་བ་བཅས་བྱས་ཏེ་བྱེད་ཐབས་སྣ་ཚོགས་སྤྱད་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ལེགས་སུ་བཏང་བ་དང་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་བཏང་ཐོག དབུལ་སྒྲོལ་ཐུབ་རུང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ་དང་། དབུལ་སྒྲོལ་ཐུབ་རུང་རྣམ་གྲངས་ལག་བསྟར་བྱེད་མཚམས་མི་འཇོག་པ་བྱེད་ཐུབ་པ་བྱས་ཡོད་པ་རེད།
ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཞིང་། རྩེད་ཐེར་དབང་པོ་སྐྱོན་ཅན་བའི་གྱོན་གོས་ལས་སྣོན་བཟོ་གྲྭ་སོགས་ཁྱབ་ཁོངས་7གྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་25དང་ཞིང་འབྲོག་ཐོན་ལས་ཀྱི་བརྒྱ་སྟོང་ཁྲི་ཡི་རྣམ་གྲངས་འཛུགས་སྐྲུན་བྱས་ཏེ་མང་ཚོགས་དབུལ་པོ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཚད་ཆེ་རུ་ཤུགས་ཆེན་བཏང་ནས་མང་ཚོགས་ཚོར་རྣམ་གྲངས་འཛུགས་སྐྲུན་ཁྲོད་ནས་འབབ་འཕར་ཡོང་བ་དང་། རྣམ་གྲངས་འཁོར་སྐྱོད་ཁྲོད་ལས་ཞུགས་ཐུབ་པ། རྣམ་གྲངས་ཀྱི་ཕན་འབྲས་བགོ་བཤའ་ཐོབ་པ་བཅས་བྱས་པ་རེད། ཞིང་འབྲོག་ཐོན་ལས་རྣམ་གྲངས་དེ་འཛུགས་སྐྲུན་གྱི་ལས་སྟེགས་སུ་བྱས་ཏེ་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང“མངག་ཐོའི་རྣམ་པའི”ཞིང་འབྲོག་ལས་བརྒྱུད་ངལ་རྩོལ་ནུས་པ་ངེས་ཅན་ལྡན་པའི་དུད་ཚང་དབུལ་པོ་ཐོན་ལས་སྦྲེལ་ཐག་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཚོ་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་རྣམ་གྲངས་ནང་ཞུགས་ཐུབ་པ་བྱས་པ་རེད།
ལས་ཞུགས་འཇོན་ཐང་ཆེ་རུ་ཤུགས་ཆེན་བཏང་ཞིང་། གསོ་སྦྱོང་གི་ཐོན་ཁུངས་གང་ལེགས་སྤྱད་དེ་ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་ལས་གནས་ཐོག་སྐྱོད་པ་དང་། ལས་གནས་ཐོག་གནས་པ། ལས་གནས་བསྒྱུར་བ་བཅས་ཀྱི་གནས་གཏན་འཁེལ་གྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཁེ་ལས་ཁག་ལ་ཤང་གྲོང་དང་གྲོང་ཚོ་དང་གྲོང་ལྷན་དུ་མ་འཇོག་ལས་དར་ཡོང་བ་བྱས་ཏེ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱ་རྒྱུའི་སྐུལ་མ་བཏང་བ་དང་ཕྱིར་སྐྱོད་པའི་མི་སྣ་ཕ་ཡུལ་དུ་ཕྱིར་ལོག་ནས་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕྱུག་འགྱུར་འཇོན་ཐང་ཅན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་པ་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་ལས་ཞུགས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པ། བདེ་ཐང་སྣོད་མེད་ཐོན་ལས་ཀུང་སི་དང་སྡེ་ལས་ཀུང་སི་བསྐྱར་འཛུགས་བྱེད་མགྱོགས་སུ་བཏང་བ་བཅས་བྱས་ནས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལ་སྣེ་ཁྲིད་ཐུབ་པ་བྱས་པ་རེད།
དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་ལ་རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་གཏོང་བའི་བསྡུར་གྲངས་མུ་མཐུད་ཆེ་རུ་བཏང་ནས་ནད་གཞིས་རྐྱེན་པ་དང་སློབ་གྲྭར་བཏང་བའི་དབང་གིས་ཡོང་འབབ་དམའ་པོར་གྱུར་པའི་ཁྱིམ་ཚང་གི་དཀའ་ངལ་འབྱུང་རྩ་ནས་ཐག་གཅོད་བྱས་པ་རེད། རིག་གནས་བྱ་གཞག་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཤང་གྲོང་གི་རིག་གནས་བྱེད་སྒོའི་ལྟེ་གནས་དང་། གྲོང་ཚོ་དང་གྲོང་ལྷན་གྱི་རིག་གནས་ས་ཚིགས། གྲོང་ཚོ་དང་གྲོང་ལྷན་གྱི་ཞིང་ཁྱིམ་གྱི་དེབ་ཁང་། གྲོང་ཚོ་དང་གྲོང་ལྷན་གྱི་ལུས་སྦྱོང་བྱེད་སྒོ་ཁང་སོགས་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་གསར་བརྗེའི་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བྱས་ཏེ་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་སྟོན་གྲངས་ཆེ་རུ་བཏང་བ་བཅས་རེད།
རོགས་སྐྱོར་གྱི་ལམ་སྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཞིང་། ཁ་གཏད་རོགས་སྐྱོར་ལས་དོན་ལ་སྐུལ་མ་གཏིང་ཟབ་བཏང་ནས་དབུལ་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་། རོགས་སྐྱོར་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ། དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་རོགས་བྱས་པ་རེད། ཁེ་ལས་ཀྱི་རོགས་སྐྱོར་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཁེ་ལས་ལ་འགན་འཁྲི་ཧུར་ཐག་འཁུར་བའི་སྐུལ་ལྕག་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བའི་རོགས་སྐྱོར་དང་ལས་ཞུགས་ཐུབ་པ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།