(པར་ངོས་དང་པོར་མཐུད) ཆུ་དཔོན་མཚེའུ་དཔོན་གྱི་ལོ་རེའི་ཆུ་བོ་དང་མཚེའུ་ལ་ཉུང་མཐར་སྐོར་ཞིབ་ཐེངས་1བྱེད་རྒྱུ། གྲོང་ཚོ་རིམ་པའི་ཆུ་དཔོན་མཚེའུ་དཔོན་གྱི་ལོ་རེའི་ཆུ་བོ་དང་མཚེའུ་ལ་ཉུང་མཐར་སྐོར་ཞིབ་ཐེངས་1བྱེད་རྒྱུ་བཅས་ཀྱི་རེ་འདུན་གཞིར་བཟུང་ལས་དོན་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བྱེད་དགོས་པ་སྟེ། རིམ་ཁག་ལྟ་སྐུལ་ཁྲིད་སྟོན་གྱི་ཞིབ་བཤེར་ནང་ཐོན་པའི་གནད་དོན་ལ་དམིགས་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་ཆུ་དཔོན་མཚེའུ་དཔོན་དང་རིམ་ཁག་ཆུ་དཔོན་མཚེའུ་དཔོན་ལམ་ལུགས་ཅན་གཞུང་ལས་ཁང་གིས་རང་ངོས་ཀྱི་གནད་དོན་དང་ཟུང་འབྲེལ་གྱིས་བཅོས་སྒྲིག་ཇུས་གཞི་བཟོས་ནས་འགན་འཁྲིའི་འདུ་ཤེས་ཤུགས་སྣོན་བྱས་ཐོག་འགལ་ཟླར་གདོང་ཐུག་བྱེད་དགོས་པ། ལས་དོན་འགན་སྲུང་གནད་ལ་འཁེལ་བར་འགན་ལེན་བྱེད་དགོས་པ་སྟེ། རྫོང་ངམ་ཆུས་ཁག་གིས་རང་ཁོངས་ཀྱི་ཆུའི་གནས་ཚུལ་ལ་གཞིགས་པའི་མ་དངུལ་དང་མི་སྣའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་གཅིག་ལ་ཇུས་གཞི་གཅིག་དང་མཚོའུ་གཅིག་ལ་ཇུས་གཞི་གཅིག་གི་སྒྲིག་ཁོངས་ལས་དོན་འཆར་འགོད་བྱེད་རྒྱུར་སྐུལ་སྤེལ་མྱུར་པོས་ཇུས་གཞིར་མཛུབ་སྟོན་རང་བཞིན་དང་ཚན་རིག་དང་མཐུན་པའི་རང་བཞིན། བཀོལ་སྤྱོད་བྱེད་བདེ་བའི་རང་བཞིན་བཅས་ལྡན་རྒྱུར་འགན་སྲུང་བྱེད་དགོས་པ། དུས་མཚུངས། རིམ་ཁག་ཆུ་དཔོན་གཞུང་ལས་ཁང་གིས་རྒྱང་བསྒྲགས་དང་། བརྙན་འཕྲིན། དྲ་བ། ཕྱི་བསྒྲགས་བརྡ་སྦྱོར། གློག་རྡུལ་འཆར་ཤེལ་སོགས་སྟེགས་བུ་བརྒྱུད་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་གྱི་གལ་ཆེའི་དོན་སྙིང་དང་ལས་དོན་སྤེལ་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་བྱ་གཞག་ནང་ཞུགས་རྒྱུར་ཁྲིད་སྟོན་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཆུ་བོ་དང་མཚེའུ་ལ་གཙོ་ཤུགས་དམག་གི་ནུས་པ་འདོན་ལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།