第01版:头版 4下一版
 
版面导航

第01版
头版

第02版
综合

第03版
综合
 
标题导航
རང་ལྗོངས་སུ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ།
ངེད་གྲོང་ཁྱེར་གྱི་གྲོང་སྤྱིས་སྤྱི་ཁྱབ་ཆུ་དཔོན་བཀའ་རྒྱ་ཨང་དང་པོར་མཆན་འགོད་གནང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག
དུས་རབས་གསར་པའི་གཞི་རིམ་ལས་བྱེད་པའི་མིག་དཔེ་མུའུ་ཡུས་ཅུན་གྱི་སྐོར་བཀོད་པ།
“ཞིང་པ་གསར་པ”དང་གྲོང་གསེབ་དབར་གྱི“འབྲེལ་གཏུག་ཟབ་མོ”
| 山南网首页 |
2018年7月9日 星期
3 上一篇 放大 缩小 默认
“ཞིང་པ་གསར་པ”དང་གྲོང་གསེབ་དབར་གྱི“འབྲེལ་གཏུག་ཟབ་མོ”
སྣེ་གདོང་ཆུས་ཀྱིས་བྱེད་ཐབས་གསར་གཏོད་བྱས་ཏེ་གྲོང་གསེབ་ དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།
 

སྙིང་དོན་གནད་བསྡུས།

ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་གཞི་རིམ་རྩ་འཛུགས་ཀྱིས་ཐད་ཀར་རྒྱ་ཆེའི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་ཐོག་བཞག་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད། འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བའི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས་ལས་བྱེད་པ་དང་ལས་བཟོས་ཞིང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱེད་དུ་བཅུག་པས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

དབྱར་འགོའི་ཡར་ཀླུང་ས་གཞི་ཆེ་མོར་རི་སྟེང་དང་ཞིང་ནང་དུ་ཉི་འོད་རབ་ཏུ་འཕྲོ་བ་དང་གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་གི་ཡོད།

ཉིན་དགུང་སྐབས་ལི་ཝེ་དང་ཚེ་རིང་གཡུ་སྒྲོན་གྱིས་ད་དུང་ཟླ་བ་ཚེ་རིང་ཁྱིམ་གྱི་ཞིང་ནང་དུ་རྩྭ་ངན་བཀོག་པ་དང་ཟླ་བ་ཚེ་རིང་གིས་ཁོང་གཉིས་པོར་རྩྭ་ངན་བཀོག་སྟངས་སློབ་པ་དང་ལོ་དེའི་ཐོན་འབབ་སྐོར་ཤོད་ཀྱི་ཡོད། དེས་ན་ལི་ཝེ་དང་ཚེ་རིང་གཡུ་སྒྲོན་གྱིས་ཁོམ་པ་བཙལ་ནས་ཟླ་བ་ཚེ་རིང་ལ་ཞིང་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱི་ཡོད།

དགུང་ཟས་བཟའ་དུས་སླེབས་སྐབས་ལི་ཝེ་དང་ཚེ་རིང་གཡུ་སྒྲོན་གྱིས་བཀོག་པའི་རྩྭ་འགྱིག་ཕད་ནང་བླུགས་ཏེ་ཟླ་བ་ཚེ་རིང་གི་ཁྱིམ་དུ་འཁྱེར་ནས་ཕྱུགས་ཟོག་ལ་སྟེར་རྩིས་བྱས།

ཁོང་གསུམ་པོས་ལམ་བར་དགོད་སྒྲ་ལྷང་ལྷང་ངང་སྐད་ཆ་ཤོད་ཅིང་། གཞན་གྱིས་བལྟས་ཚེ་ཁོང་གསུམ་པོ་ཁྱིམ་མི་གཅིག་ལྟར་རེད།

ཡིན་ནའང་ལི་ཝེ་དང་ཚེ་རིང་གཡུ་སྒྲོན་ནི་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱིས་མངགས་པའི་ཁག་དང་པོའི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་རོགས་སྐྱོར་བྱེད་པའི་ (པར་ངོས་གསུམ་པར་གཟིགས)

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合
   第03版:综合
   第04版:国际国内
རང་ལྗོངས་སུ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ།
ངེད་གྲོང་ཁྱེར་གྱི་གྲོང་སྤྱིས་སྤྱི་ཁྱབ་ཆུ་དཔོན་བཀའ་རྒྱ་ཨང་དང་པོར་མཆན་འགོད་གནང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག
དུས་རབས་གསར་པའི་གཞི་རིམ་ལས་བྱེད་པའི་མིག་དཔེ་མུའུ་ཡུས་ཅུན་གྱི་སྐོར་བཀོད་པ།
“ཞིང་པ་གསར་པ”དང་གྲོང་གསེབ་དབར་གྱི“འབྲེལ་གཏུག་ཟབ་མོ”