(པར་ངོས་དང་པོར་མཐུད)ཁོ་ན་ལས་མེད། རི་ལམ་དུ་དཀའ་ཚེགས་ཆེན་པོས་དུས་ཡུན་ཆུ་ཚོད་བཅུ་གྲངས་ཁ་ཤས་བསྐྱོད་ན་གཞི་ནས་རེ་བླ་རི་བོ་བརྒལ་ཐུབ་ཀྱི་ཡོད། རེ་བླ་རི་བོའི་རི་གཤམ་ནས་ལམ་ཐག་སྤྱི་ལེ་8བསྐྱོད་ན་གཞི་ནས་རླངས་འཁོར་ཕྱི་ཕྱོགས་སུ་ཤར་གཏོང་ཐུབ་ཀྱི་ཡོད་པ་དང་ལོ་ལྟར་དགུན་ཁ་འཆར་ཉེའི་མཚམས་སུ་ཡུལ་སྨད་ཤང་གི་གལ་འགངས་ཆེ་ཤོས་ཀྱི་ལས་ཀ་ནི་དགུན་སྒྲོལ་བཟའ་བཅའ་བསྡུ་ཉར་བྱ་རྒྱུ་དེ་ཡིན་པས། གྲོང་མི་ཚོས་དགུན་གང་པོར་མཁོ་བའི་བཟའ་བཅའ་དང་དངོས་ཟོག་སྔ་སྣུར་དུ་ཉོ་སྒྲུབ་བྱེད་ཀྱི་ཡོད།
གནས་ཚུལ་དེ་ལྟ་བུ་ནི་ན་ནིང་གི་ལོ་མཇུག་བར་རྒྱུན་མཐུད་ཡོད། 2017ལོའི་ཟླ་10ཚེས་29ཉིན་ནི་སྒྲོལ་དཀར་གཅེན་གཅུང་གཉིས་དང་ཡུལ་སྨད་ཀྱི་མི་དམངས་ཚོའི་ངོས་ནས་བརྗོད་ན་སྤྱིར་བཏང་གཏན་ནས་མིན་པའི་ཉིན་མོ་ཞིག་རེད། ཉིན་དེར་ཁོང་ཚོས་རེ་སྒུག་ཆེན་པོ་བྱེད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་འཕྲིན་ལན་དེ་འབྱོར། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང“ཚང་མའི་ཐུན་མོང་གི་འབད་བརྩོན་འོག་སྔོན་ཆད་ཀྱི‘མི་གསུམ་ཤང’དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཡུལ་མི་རྣམས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བྱམས་བརྩེའི་ངང་གསུངས་ཡོད།
“ཁེར་ཆགས་གླིང་ཕྲན”ལྟ་བུའི་ཡུལ་སྨད་ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་འབྱོར་འབྲིང་ཤང་འཛུགས་སྐྲུན་བྱེད་པའི་མྱུར་བགྲོད་ལམ་དུ་བསྐྱོད་ཡོད། 2017ལོའི་ཟླ་11ཚེས་18ཉིན། ཡུལ་སྨད་ཤང་ལ་ཀྲའོ་བརྒྱ་ཟིན་པའི་དྲ་ཆེན་ཤར་གཏོང་ཐུབ་པ་དང་། ལོ་དེ་རང་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྨད་ཤང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་འཛུགས་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས་ཏེ་ཕྱི་ཕྱོགས་ལ་ཤར་གཏོང་ཐུབ་པའི་རི་ལམ་གསར་པ་ཞིག་ཀྱང་ཕྱོགས་ཡོངས་ནས་ཤར་གཏོང་བྱས་ཡོད། སྔོན་ཆད་གངས་བབས་ནས་རི་རྒྱ་བསྡམས་པའི་ཡུལ་སྨད་ཀྱིས་2017ལོའི་ལོ་མཇུག་ཏུ“དགུན་ཁ་གབ་ནས་སྡོད་མི་དགོས་པའི”དགུན་ཁ་ཐོག་མ་དེ་བསུས།
ཡུལ་སྨད་ཙམ་མ་ཡིན་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་ལས་ཀའི་ཇུས་གཞི》བཟོས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་འཆར་འགོད(2017—2020ལོ་བར)》 དེ་བཞིན་ས་ཁུལ(གྲོང་ཁྱེར)བཞིའི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་འཆར་འགོད་སྒྲིག་འཛུགས་བྱས་ནས་བཟོས་པ་མ་ཟད། མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་628ཀྱི་ཐོན་ལས་འཛུགས་སྐྲུན་ཇུས་གཞིར་ཞིབ་བཤེར་གཏན་འབེབས་ཀྱང་བྱས་པ་རེད།
མིག་སྔར། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་མ་དངུལ་སྒོར་ཁྲི་2000ཙམ་གཅིག་གྱུར་འཆར་འགོད་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་མ་དངུལ་སྒོར་ཁྲི་600བཏང་སྟེ་སྨན་གླིང་རྫོང་གླང་མདོ་གྲོང་ཚོའི་འབྲས་ཤིང་དཔལ་འབྱོར་ཐོན་ལས་འཛུགས་སྐྲུན་ལ་གཏོང་རྩིས་ཡོད་པ། རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གིས་གྲོ་མོའི་ཉ་དང་ཕག་རིའི་འབྲི་གཡག་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཧུར་ཐག་བྱས་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མཚོ་སྣ་རྫོང་མག་མང་གྲོང་ཚོའི་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བ། ས་ཁུལ(གྲོང་ཁྱེར)བཞི་དང་མཐའ་མཚམས་ཀྱི་རྫོང་21གིས་འགན་ཁུར་ནས་ལག་བསྟར་བྱས་པའི་དཔེ་སྟོན་གྲོང་ཚོ་41ལ་གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་མ་དངུལ་དང་། སྤྱི་ཚོགས་ཀྱི་མ་དངུལ། དངུལ་རྩའི་ཡིད་རྟོན་དངུལ་བུན་སོགས་ཀྱི་བྱེད་སྟངས་བརྒྱུད་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1.8དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།
ཡུལ་སྨད་ཤང་གི་ཤང་ཀྲང་ཧུའུ་ཞུའེ་མིན་གྱིས། “2017ལོར་ཤང་ལ་རྒྱལ་ཁབ་གློག་དྲ་སྦྲེལ་མཐུད་བྱས་པས་གློག་སྤྱོད་པའི་གནད་དོན་ལ་སེམས་ཁྲལ་བྱེད་དགོས་མེད་པ་དང་། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཡུལ་སྨད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྨད་ལ་ཡུལ་སྐོར་སྐོར་ལམ་གཉིས་འཆར་འགོད་བྱས་པ། ཟླ་10པར་ཡུལ་སྨད་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་དང་གཞུང་ལམ་བཟོ་སྐྲུན་བྱས་རྗེས་ཡུལ་སྐོར་བ་ཚོས་རང་འཁོར་བཏང་ནས་ཡུལ་སྨད་ལ་ཡུལ་སྐོར་དུ་ཡོང་ཆོག”ཅེས་བཤད།