第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年6月20日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་
 

འདི་ག་ཚགས་པར་ཁང་ནས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ།འདི་ལོ་ཚུན་དུ།ངེད་གྲོང་ཁྱེར་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་པའི་ལེགས་ཆ་འདོན་སྤེལ་བྱས་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཀྱིས་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ལ་རྩ་ཁྲིམས་སྒྲོག་འགྲེལ་བྱས་པ་རེད།

མཚོ་སྣ་རྫོང་མག་མང་ཤང་གིས་དོན་དངོས་དང་ཟུང་འབྲེལ་གྱིས།རྩ་ཁྲིམས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་མག་མང་བསྐྲུན་ཅེས་བརྗོད་དོན་དུ་བྱས་པའི་གཅིག་སྡུད་སྒྲོག་འགྲེལ་བྱས་པ་དང་། རྩ་ཁྲིམས་ཀྱི་ཤེས་བྱ་ཀུན་ཁྱབ་ཐུབ་པ་བྱས་ནས་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་ཞེས་བརྗོད་དོན་དུ་བྱས་པའི་དུད་ཁྱིམ་ནང་བསྐྱོད་པའི་སྒྲོག་འགྲེལ་བྱས་པ།རྩ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས་ཁྲིམས་སྐྱོང་གི་སློབ་རྭ་བསྐྲུན་ཅེས་བརྗོད་དོན་བྱས་པའི་རྩ་ཁྲིམས་སློབ་གྲྭར་སྐྱེལ་བའི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཚོའི་ཁེ་དབང་ལ་སྲུང་སྐྱོང་དང་ཁྲིམས་བཞིན་འོས་འགན་ལག་བསྟར་བྱེད་པའི་ནུས་པ་མཐོར་གཏོང་ཐུབ་པ་བྱས་ཐོག རྩ་ཁྲིམས་སོགས་ཁྲིམས་ལུགས་ཤེས་བྱ་མི་ཚང་མས་ཤེས་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་པ་བྱས་ཡོད་པ་རེད།

མཚོ་སྨད་རྫོང་གི་ཤང་གྲོང་རྡལ་ཁག་གིས་རིམ་པ་གསུམ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྩ་ཁྲིམས་དང་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

བསྡོམས་རྩིས་ལྟར་ན།མཚོ་སྨད་གྲོང་རྡལ་དང་གནས་བཞི་ཤང་།སྒོ་བསྡུས་ཤང་བཅས་ཁག་སོ་སོར་སྒྲོག་འགྲེལ་བྱེད་སྒོ་ཐེངས་13སྤེལ་བ་དང་།ཞིང་འབྲོག་མང་ཚོགས་ལ་སློབ་གསོ་ཐེབས་ཚད་མི་གྲངས་2580ལྷག་ཟིན་པ།རྩ་ཁྲིམས་དང་ཁྲིམས་ལུགས་ཤེས་བྱའི་དྲིལ་བསྒྲགས་དཔྱད་གཞི་2500ལྷག་སྤྲད་ཡོད་པ་རེད།

རྒྱ་ཚྭ་རྫོང་གིས་ཤང་ངམ་གྲོང་རྡལ་དང་གྲོང་ཚོའམ་ཡུལ་ལྷན་ཁག་ཏུ་རྩ་ཁྲིམས་དང་ཁྲིམས་ལུགས་ཤེས་བྱའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།སྒྲོག་འགྲེལ་པ་ཚོས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་བྱུང་བའི་དཔེ་མཚོན་གྱོད་གཞི་དཔེར་ན།དབྱར་རྩྭ་དགུན་འབུ་འཐུ་བའི་སྐབས་ཀྱི་འགན་ཟླ་རྩོད་གླེང་ལྟ་བུ་དང་འབྲེལ་ནས་རྩ་ཁྲིམས་ཀྱི་ནང་དོན་གསལ་འགྲེལ་བྱས་པ་དང་།དྲིལ་བསྒྲགས་སྦྱར་ཡིག་འགེལ་བ།དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་སོགས་བྱས་ཐོག རྒྱ་ཚྭ་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་སྔར་བས་ཁྲིམས་བཀུར་དང་ཁྲིམས་ལུགས་སློབ་སྦྱོང། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་མཐོར་གཏོང་ཐུབ་པ་བྱས་ཡོད་པ་རེད།

བསྡོམས་རྩིས་ལྟར་ན། རྒྱ་ཚྭ་རྫོང་གིས་སྒྲོག་འགྲེལ་ཐེངས་16བྱས་པ་དང་ཞིང་འབྲོག་མང་ཚོགས་མི་གྲངས་5300ལྷག་བྱེད་སྒོའི་ནང་ཞུགས་པ། དྲིལ་བསྒྲགས་དཔྱད་གཞི་5000ལྷག་སྤྲད་ཡོད་པ་རེད།

གོང་དཀར་རྫོང་གི་ཤང་གྲོང་རྡལ་ཁག་གི་གྲོང་ཁྱེར་རིམ་པ་དང་།རྫོང་རིམ་པ།ཤང་ངམ་གྲོང་རྡལ་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གྲོང་ཚོའམ་ཡུལ་ལྷན་ཁག་ཏུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ལ་རྩ་ཁྲིམས་དང་ཁྲིམས་ལུགས། སྲིད་ཇུས་བཅས་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད།

སྣ་དཀར་རྩེ་རྫོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྩ་ཁྲིམས་གྲོང་ཚོ་ཡུལ་ལྷན་དང་།སློབ་གྲྭ དགོན་སྡེ།ལས་ཁུངས་བཅས་སུ་སྐྱེལ་བའི་བྱེད་སྒོ་སྤེལ་བས།རྫོང་ཡོངས་སུ་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་ཚྭ་རླབས་ཕྱུར་བ་དང་།རྩ་ཁྲིམས་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་གཏོད་ཡོད་པ་རེད།བསྡོམས་རྩིས་ལྟར་ན།སྣ་དཀར་རྩེ་རྫོང་གིས་སྒྲོག་འགྲེལ་བྱེད་སྒོ་ཐེངས་101སྤེལ་བ་དང་འཐུས་མི་ཞུགས་ཚད་བརྒྱ་ཆ་100ཟིན་པ།མང་ཚོགས་སློབ་གསོ་ཐེབས་ཚད་མི་གྲངས་15936ཟིན་པ།དྲིལ་བསྒྲཊ་དཔྱད་གཞི་4643སྤྲད་ཡོད་པ་རེད།

ལྷོ་བྲག་རྫོང་གི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཚན་པས་བྱ་ཐབས་སྣ་མང་ལ་བརྟེན་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལྟར་རྫོང་ཡོངས་སུ་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་ཞེས་བརྗོད་དོན་དུ་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བས།རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོའི་ཁྲིམས་ལུགས་ཀྱི་འདུ་ཤེས་སྔར་བས་ཤུགས་ཆེར་བཏང་བ་དང་།སྔར་བས་ཁྲིམས་ལུགས་ཁྱོན་ཡོངས་སུ་ཁྱབ་པ་བྱས་པ།འཐུས་མིའི་འགན་སྒྲུབ་ནུས་པ་མཐོ་རུ་བཏང་བ་བཅས་བྱས་ཡོད་པ་རེད།

ཟངས་རི་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཀྲང་ཆིང་གདན་ཞུ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྩ་ཁྲིམས་སྐྱེལ་བའི་བྱེད་སྒོ་དང་ལས་ཁུངས་ཏང་ཡོན་གྱི་མཚན་སློབ་སློབ་སྦྱོང་འཛིན་གྲྭ་གཉེར་བ་རེད།ཀྲང་ཆིང་གིས་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི་རྩ་ཁྲིམས་ཀྱི་ནང་དོན་ལ་ཁྱོན་ཡོངས་ནས་གསལ་འགྲེལ་བྱས་ཡོད་པ་རེད།

ཟངས་རི་གྲོང་རྡལ་གྱི་སྒྲོག་འགྲེལ་ཚོ་ཆུང་གིས་སློབ་ཆུང་གཉིས་དང་མཁར་དམར་སྟེང་དགོན་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྩ་ཁྲིམས་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད།

འཕྱོངས་རྒྱས་རྫོང་གིས་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་ཁྲིམས་ལུགས་བློ་འདྲིའི་ཁྲིམས་རྩོད་པ་ཡང་ཧུང་ལུད་གདན་ཞུ་བྱས་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་ལ་རྩ་ཁྲིམས་ཀྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཞིན་སྲིད་སྐྱོང་བྱ་རྒྱུའི་རྩ་ཁྲིམས་ཤེས་བྱའི་ཆེད་དོན་བཤད་ཁྲིད་བྱས་པ་རེད།ཡང་ཧུང་ལུད་ཀྱིས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཡིན་པ་དང་།རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་པ་མ་ཟད།ཏང་དང་མི་དམངས་ཀྱི་འདོད་བློ་མཚོན་ཐུབ་ཀྱི་ཡོད་པ་གསལ་འགྲེལ་བྱས་ཡོད་པ་རེད།

འཕྱོངས་རྒྱས་རྫོང་དྲ་འབྲེལ་གཞུང་ལས་ཁང་གིས་དྲ་རྒྱའི་ཐད་གཏོང་ཐོག་ནས་བྱ་དགའ་ཡོད་པའི་རྩ་ཁྲིམས་ཤེས་བྱ་དྲ་རྒྱའི་ཐད་གཏོང་གི་འགྲན་སྡུར་བྱེད་སྒོ་སྤེལ་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ངེད་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་
དམངས་ཕྱུག་མཐའ་བརྟན་ཡོང་བར་བྱས་ནས་འབྱོར་འབྲིང་ལ་རམ་འདེགས་བྱེད་པ།
གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱ་གཞག་ གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་པ།