第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年6月20日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་ཁང་ཀྲེན་ཧྲེང་དང་བཅས་པར་ཐུགས་འཕྲད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ཀྲུང་གོའི་ལས་གྲྭ་གླིང་གི་མཆོག་རམས་པ། ཐན་ཁུལ་སྐྱེ་དངོས་འདེབས་འཛུགས་རིག་པ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན། ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཁང་ཀྲེན་ཧྲེང་གིས་སྣེ་ཁྲིད་གནང་བའི་རྟོག་ཞིབ་ཚོ་ཆུང་དང་བཅས་པར་ཐུགས་འཕྲད་གནང་བ་རེད།

རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་ཞིང་ལས་ལག་རྩལ་ཆེད་ལས་སློབ་སྟོན་པ་ལིན་རྨུའུ་དང་། གྲོང་སྤྱི་གཞོན་པ་བསོད་ནམས་ཆོས་པས་ཐུགས་འཕྲད་ནང་ཞུགས་པ་རེད།

ཞུས་ཁྲེང་ཚང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་ཁང་ཀྲེན་ཧྲེང་དང་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ་དང་སྦྲགས་ཀྲུང་གོའི་ལས་གྲྭ་གླིང་དང་། ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན། དེ་བཞིན་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་བཅས་ཀྱིས་ལྷོ་ཁའི་ཞིང་འབྲོག་ལས་འཕེལ་རྒྱས་བྱ་གཞག་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཞུས་ཁྲེང་ཚང་གིས། མིག་སྔར་ལྷོ་ཁས་འཆར་འགོད་གཞིར་བཟུང་གཙང་པོའི་བྱང་རྒྱུད་ཀྱི་ས་ཆའི་ལེགས་ཆ་བསྔོག་འདོན་བྱས་ཐོག་བྱེ་འགོག་བྱེ་བཅོས་གཙོ་གནད་དུ་བཞག་སྟེ། ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྦྲགས་རྩྭ་རྩི་ཤིང་འདེབས་འཛུགས་ཀྱི་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད། ཀྲུང་གོའི་ལས་གྲྭ་གླིང་དང་། ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན། དེ་བཞིན་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་བཅས་ཀྱིས་དེ་ཁུལ་གྱི་འཕེལ་རྒྱས་ཕྱོགས་ལ་ཤེས་ལྡན་མི་སྣ་དང་། ལག་རྩལ། གཉེར་སྐྱོང་། དེ་བཞིན་རིག་ནུས་དང་ཚན་རྩལ་གྱི་འདེགས་སྐྱོར་དང་། ཐོན་སྐྱེད་ཐོན་ལས་ལ་མ་འཇོག་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རོགས་སྐྱོར། ཐོན་ལས་དར་རྒྱས་ཐད་མ་འཇོག་མཉམ་ལས་སྒོ་ནས་ས་གནས་འདི་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ (པར་ངོས་གསུམ་པར་གཟིགས)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
དམངས་ཕྱུག་མཐའ་བརྟན་ཡོང་བར་བྱས་ནས་འབྱོར་འབྲིང་ལ་རམ་འདེགས་བྱེད་པ།
ཞུས་ཁྲེང་ཚང་གིས་ཁང་ཀྲེན་ཧྲེང་དང་བཅས་པར་ཐུགས་འཕྲད་གནང་བ།
ཕ་ཡུལ། ངའི་ལས་གཏོད་ཀྱི་ཞིང་ས་གཤིན་པོ།