第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年6月20日 星期
下一篇 4 放大 缩小 默认
དམངས་ཕྱུག་མཐའ་བརྟན་ཡོང་བར་བྱས་ནས་འབྱོར་འབྲིང་ལ་རམ་འདེགས་བྱེད་པ།
རང་ལྗོངས་ཀྱིས་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱེད་པ།
 

ཡུལ་སྨད་ཤང་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པ་ནི་ཡུལ་སྨད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་གསེབ་ཀྱི་རྣམ་གྲངས་ཤིག་རེད། ཡང་བའི་ངར་ལྕགས་སྒྲིག་སྦྱོར་རྣམ་པའི་གྲུབ་ཆར་བརྟེན་ནས་གྲོང་མིའི་སྡོད་ཁང་56གསར་སྐྲུན་བྱས་ཏེ་ཆུ་འགྲོ་དང་། གློག་ཤུགས། འཕྲིན་གཏོང་། འགྲོ་ལམ། ཤང་སྲིད་གཞུང་། འཕྲོད་བསྟེན་ཁང་། སློབ་གྲྭ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་ཐག་གཅོད་བྱས་ཡོད། ཨར་ལས་ཀྱི་འགན་འཁུར་མཁན་ཧུའུ་ནན་ཨར་ལས་བཟོ་སྐྲུན་རྣམ་གྲངས་ལག་བསྟར་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.1བཏང་བ་དང་། འཆར་གཞི་ལྟར་ན་རྒྱ་ཁྱོན་མུའུ་440.98ཟིན་པ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་17254.24ཟིན་པ་དང་ཆབས་ཅིག་ལྟེ་བའི་སྤྱི་གླིང་གཅིག་དང་ཐང་ཆེན་དྲུག་ཡང་གསར་སྐྲུན་བྱ་རྒྱུ་རེད། སྔོན་དཔག་བྱས་ན་རྣམ་གྲངས་དེ་2018ལོའི་ཟླ་10པར་ལས་མཇུག་འགྲིལ་རྒྱུ་རེད།

ཡུལ་སྨད་ཤང་དུ་ལོ་ཧྲིལ་པོར་ཉིན་260ལྷག་ཙམ་གངས་སམ་ཆར་པ་འབབ་པའི་གནམ་གཤིས་སྟོན་གྱི་ཡོད་པ་དང་། ཆར་ཆུ་ཧ་ཅང་འབེལ་བས་ནས་རྡོག་གཅིག་ཀྱང་སྐྱེ་ཡི་མེད་ལ་དེ་གའི་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པོ་ཡོད། 2017ལོའི་ལོ་མཇུག་གོང་དུ་དགུན་ཁ་འཆར་རིམ་བཞིན་ཡུལ་སྨད་དུ་དུས་ཡུན་ལོ་ཕྱེད་ཙམ་གྱི་གངས་ཆེན་བབས་ནས་རི་རྒྱ་སྡོམ་ཀྱི་ཡོད་སྟབས་ཡུལ་སྨད་ནས་དོན་པར་གངས་དཀར་གྱིས་བཀླུབས་པའི་རི་གསེབ་ཀྱི་རི་ལམ་ཀྱག་ཀྱོག་(པར་ངོས་གཉིས་པར་གཟིགས)

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
དམངས་ཕྱུག་མཐའ་བརྟན་ཡོང་བར་བྱས་ནས་འབྱོར་འབྲིང་ལ་རམ་འདེགས་བྱེད་པ།
ཞུས་ཁྲེང་ཚང་གིས་ཁང་ཀྲེན་ཧྲེང་དང་བཅས་པར་ཐུགས་འཕྲད་གནང་བ།
ཕ་ཡུལ། ངའི་ལས་གཏོད་ཀྱི་ཞིང་ས་གཤིན་པོ།