འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ཆུ་གསུམ་རྫོང་རིག་གནས་རླུང་འཕྲིན་ཅུད་ཀྱིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་ངེད་གྲོང་ཁྱེར་ཨེ་པ་ཚང་མི་རིགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་བྱིས་པའི་ཕོ་བྲང་དུ་ཨེ་བྲིས་ལུགས་ཀྱི་བོད་ཡིག་ཡིག་གཟུགས་སྦྱོང་བྲིས་ཚར་བ་དང་བོད་ཡིག་ཡིག་གཟུགས་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་ཡོད།
ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭར་གདན་ཞུ་བྱས་པའི་བོད་ཀྱི་ཡིག་མཁན་ཚོས། སློབ་མ་ཚོར་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་སྲུབ་སྐྱོབ་དང་དྲིལ་བསྒྲགས་ཡག་པོ་བྱས་ཁར་དུས་ཚོད་དམ་ཟིན་གྱིས་བོད་ཡིག་ཡིག་གཟུགས་ཀྱི་སྒྱུ་རྩལ་གསར་པ་གཏོད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཡིག་གཟུགས་སྦྱོང་བྲིས་དང་། བསམ་བློའི་ཐོས་རྒྱ་ཆེར་གཏོང་སོགས་སྒྱུ་རྩལ་བརྩམས་བྱ་གསར་གཏོད་བྱེད་པའི་བརྒྱུད་རིམ་ནང་སྒྱུར་རྩལ་ལ་བཅངས་པའི་ཚོར་རྐྱེན་དང་མཛེས་དཔྱོད་ལྟ་བ་མྱོང་རོལ་དང་སྦྲགས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།