第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་བཟོ་ཚོང་ཁོངས་གཏོགས་ཀྱིས་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།
བཟོ་བཅོས་འཆར་ཟིན་ནང་དོན་སློབ་སྦྱོང་བྱེད་
གནོད་འབུ་ འགོག་བཅོས།
ཤང་དང་གྲོང་རྡལ་གྱི་གནམ་གཤིས་ཆ་འཕྲིན་ ཞབས་ཞུའི་ས་ཚིགས་77བཙུགས་པ།
ཞུས་ཁྲེང་ཚང་གིས་གྲ་ནང་དང་གོང་དཀར་རྫོང་དུ་རྟོག་ཞིབ་གནང་སྐབས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པའི་ནན་བཤད་@
བོད་ཡིག་ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭ་གཉེར་བ།
| 山南网首页 |
2018年5月18日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་གྲ་ནང་དང་གོང་དཀར་རྫོང་དུ་རྟོག་ཞིབ་གནང་སྐབས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པའི་ནན་བཤད་གནང་།
 

(པར་ངོས་དང་པོར་མཐུད) དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཀྲུང་གོའི་ཕུགས་འདུན་ལྷོ་ཁའི་ལེའུ་གསར་པ་བརྩམས་དགོས་པའི་ནན་བཤད་གནང་།

གྲོང་ཨུད་རྒྱུན་ཨུ།དྲུང་ཆེ་ཧོ་ཕེ་ཡིས་རྟོག་ཞིབ་རིང་ཕེབས་རོགས་ཞུས།

གྲ་ནང་རྫོང་དཀྱིལ་རུ་ཤང་སྔ་ཡུལ་གྲོང་ཚོར་ཞུས་ཁྲེང་ཚང་གིས་གྲོང་མི་ཚོའི་ཁྱིམ་ནང་གི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་དང་།གྲོང་མི་དང་མཉམ་དུ་ཅི་གྲོས་མོས་གྲོས་གནང་།ཞུས་ཁྲེང་ཚང་གིས་དེང་སང་ཏང་གི་སྲིད་ཇུས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་དང་།ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅུ་དགུས་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་འཐབ་ཇུས་བཀོད་སྒྲིག་བཏོན་ཡོད།ལྗོངས་ཏང་ཨུད་ཀྱིས་ཞིང་འབྲོག་ཁུལ་འཕེལ་རྒྱས་ལ་མཐོང་ཆེན་དང་།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་མི་བརྗེད་པར་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞེས་པབརྗོད་དོན་དུ་བྱས་པའི་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་ཡོད་པས་ཁྱེད་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་དང་།ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཡོང་ངེས་ཡིན་ཞེས་དང་། གྲོ་ཡུལ་ཆུ་མཛོད་དུ་ཞུས་ཁྲེང་ཚང་གིས་རྣམ་གྲངས་མགྱོགས་གཏོང་དང་སྐུལ་འདེད་ཤུགས་ཆེན་བཏང་ནས་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་ཐུབ་རྒྱུར་འགན་ལེན་བྱེད་དགོས།ཆུ་མཛོད་ཁུལ་མང་ཚོགས་ཀྱི་གནས་སྤོས་ལས་དོན་ཡག་པོ་བསྒྲུབ་ནས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་འགན་ལེན་བྱེད་དགོས།ཞུས་ཁྲེང་ཚང་གིས་གྲོང་ཚོ་དེའི་དབུལ་པོའི་མང་ཚོགས་ཟླ་བ་ཆོས་འཛོམས་ཁྱིམ་དུ་འཚམས་འདྲིར་ཕེབས་པ་དང་།ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཁོངས་མིར་ཀླད་པ་མང་ཙམ་དཀྲུག་ནས་ཐབས་ཤེས་འཚོལ་དགོས་པ་དང་།དོན་དངོས་ལ་གཞིས་ཚུགས་ཏེ་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་།

གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་རྒྱང་གཞུང་གྲོང་ཚོའི་ཏང་ཡོན་རྒན་གྲས་བསྟན་འཛིན་གྱི་སྤུན་མཆེད་ཉེ་བའི་ལོ་ཤས་ནང་འཇིག་རྟེན་ལས་ཁ་བྲལ་བས་དེང་སང་ཁོ་རང་གཅིག་པུ་འཚོ་བ་སྐྱེལ་བཞིན་ཡོད།འོན་ཀྱང་ཁོ་རང་གིས་སྡུག་བསྔལ་དང་དཀའ་ངལ་བསམ་ནས་མི་བསྡད་པར་མུ་མཐུད་ནས་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་ཆེད་གྲོང་ཚོར་ཐབས་འདོན་ཇུས་འབུལ་བྱས་ནས་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་བཞིན་ཡོད་པ་རེད།ཞུས་ཁྲེང་ཚང་གིས་ཁོང་གི་ཁྱིམ་དུ་ཕེབས་ཏེ་ཁང་པ་བསྐྱར་སྐྲུན་གྱི་གནས་ཚུལ་དང་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

རྟོག་ཞིབ་རིང་ཞུས་ཁྲེང་ཚང་གིས་མིག་སྔར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་།ངེད་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ཡང་རྒྱལ་ཕམ་འབྱེད་པའི་དུས་མཚམས་སུ་སླེབས་ཡོད།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་ལྷག་དོན་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་འདོད་ཀྱི་ཐོག་ནས་གནད་འཕིགས་དབུལ་སྐྱོར་དེ་གཞི་རིམ་ལས་བྱེད་པར་ཞིབ་དཔྱད་བྱེད་པ་ལྟ་བུར་བརྩིས་ཐོག་གཞི་རིམ་འཐབ་ས་མདུན་མར་དངོས་དོན་བསྒྲུབ་པ་དང་འཇོན་ཐང་འདོན་པ།ཕན་ནུས་ཐོན་པ་བཅས་བྱེད་དགོས།དོན་འཁྱོལ་དམ་འཛིན་ཐད་ལ་འབད་བརྩོན་བྱས་ནས་གནད་འཕིགས་ལེགས་པར་བསྒྲུབ་པ་དང་།དམིགས་ཚད་ལས་འགན་ཁག་ལ་མཐའ་བསྐོར་ནས་དམ་འཛིན་ལྷོད་མེད་བྱེད་དགོས།ཡུལ་བབ་ལ་བསྟུན་ནས་དབུལ་སྐྱོར་ཐོན་ལས་སྐྱེད་བསྲིང་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་ཡུལ་མི་སྡོད་ཁུལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལོ་གསུམ་བྱ་སྤྱོད།ཤང་གྲོང་དར་རྒྱས་འཐབ་ཇུས་སོགས་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་བསྐྱེད་ཧུར་ཐག་གཏོང་དགོས།དབུལ་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་བྱས་ནས་མང་ཚོགས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་དང་།མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་བསམ་པ་དང་ཏང་གི་རྗེས་སུ་འབྲངས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ།མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་དང་ལྟ་བ་བརྗེ་སྒྱུར་ལ་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་དཀའ་སྤྱད་འབད་བརྩོན་གྱིས་ལག་གཉིས་ལ་བརྟེན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ནན་བཤད་གནང་།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
ངེད་གྲོང་ཁྱེར་བཟོ་ཚོང་ཁོངས་གཏོགས་ཀྱིས་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།
བཟོ་བཅོས་འཆར་ཟིན་ནང་དོན་སློབ་སྦྱོང་བྱེད་
གནོད་འབུ་ འགོག་བཅོས།
ཤང་དང་གྲོང་རྡལ་གྱི་གནམ་གཤིས་ཆ་འཕྲིན་ ཞབས་ཞུའི་ས་ཚིགས་77བཙུགས་པ།
ཞུས་ཁྲེང་ཚང་གིས་གྲ་ནང་དང་གོང་དཀར་རྫོང་དུ་རྟོག་ཞིབ་གནང་སྐབས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པའི་ནན་བཤད་@
བོད་ཡིག་ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭ་གཉེར་བ།