བོད་ལྗོངས་ཉིན་རེའི་ཚགས་པར་གི་འཕྲིན་ཕྲན་སྤྱི་སྟེགས་ཐོག་གནས་སྤེལ་གསལ། ཉེ་ཆར། འགོ་བརྗོད་དུ“གཟའ་འཁོར་རྗེས་མ་ནས་བཟུང་མོ་ཊར་ཨ་ལད་པད་ཀོག་བསྒར་ཚེ་ཉེས་ཆད་སྒོར་200གཏོང་རྒྱུ་དང་སྐར་མ་2གཅོག་རྒྱུ་ཡིན་པའི”རྩོམ་ཡིག་ཅིག་སྐད་འཕྲིན་གྲོགས་ཚོགས་སུ་བརྒྱུད་སྐུར་མང་པོ་བྱེད་ཀྱི་འདུག ང་ཚོས་ཞིབ་དཔྱད་བྱས་པ་བརྒྱུད། འཕྲིན་སྤེལ་འདི་ཁྲེང་ཏུའུ་ཉིན་རེའི་ཚགས་པར་གྱིས་བཏོན་འདུག བཟོ་ལྟ་དང་ཚོན་མདོག་འདྲ་མིན་སྣ་ཚོགས་ཀྱི་ཨ་ལད་པད་ཀོག་བསྒར་བའི་མོ་ཊ་དག་ཁྲེང་ཏུའི་འགྲིམ་འགྲུལ་ཉེན་རྟོག་པས་ཞིབ་བཤེར་ནན་པོ་བྱ་ཡུལ་དུ་གྱུར་ཡོད།
ཟླ་3ཚེས་24ཉིན། གཞིས་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་གནས་ཚུལ་སྤེལ་བར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཨ་ལད་པད་ཀོག་བསྒར་བའི་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱས་ཤིང་། དེ་ཉིན་ནས་ཟླ་4ཚེས་15ཉིན་བར་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་ཁ་ལོ་བ་ཚོར་ཨ་ལད་པད་ཀོག་མར་འགོག་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཡོད། ཟླ་4ཚེས་15ཉིན་ནས་བཟུང་། ཉིང་ལག་རུ་ཁག་དེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་དོན་ཚན་རེ་གཉིས་པའི་ནང་གསེས་གསུམ་པའི་གཏན་འབེབས་གཞིར་བཟུང་། ཁྲིམས་འགལ་གྱི་བྱེད་སྤྱོད་དེ་རིགས་ལ་ཉེས་ཆད་སྒོར་200གཏོང་རྒྱུ་དང་སྐར་མ་2གཅོག་རྒྱུ་རེད་འདུག
གཞིས་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་ངོ་སྤྲོད་བྱས་པར། མོ་ཊར་ཨ་ལད་པད་ཀོག་སྒེར་བ་ནི་རླངས་འཁོར་གྱི་ཕྱི་དབྱིབས་ལ་འགྱུར་ལྡོག་ཕྲན་བུ་བཏང་བའི་ཁོངས་སུ་གཏོགས་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དྲུག་པའི་ནང་གསེས་དང་པོ་དང《འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་གཏན་འབེབས》ཀྱི་དོན་ཚན་ལྔ་བཅུ་ང་བདུན་གྱི་གཏན་འབེབས་གཞིར་བཟུང་། རླངས་འཁོར་གྱི་ཕྱི་དབྱིབས་ལ་འགྱུར་ལྡོག་གཏོང་བ་ནི་ཁྲིམས་འགལ་གྱི་ཁོངས་སུ་གཏོགས་པའི་ངོས་འཛིན་གྱི་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དྲུག་པའི་ནང་གསེས་དང་པོ་སྟེ། ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་འཕྲུལ་སྒུལ་འཁོར་རིགས་ལ་སྒྲིག་སྦྱོར་བྱ་མི་ཆོག་པའམ་ཡང་ན་རང་དགར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་གྲུབ་ཆ་དང་ཆགས་ཚུལ་ལམ་ཡང་ན་ཁྱད་ཆོས་བཅས་ལ་འགྱུར་ལྡོག་གཏོང་མི་རུང་བ་དང《འཕྲུལ་སྒུལ་འཁོར་རིགས་གྱི་ཐོ་འགོད་གཏན་འབེབས》ཀྱི་དོན་ཚན་ང་བདུན་པ་སྟེ། གཏན་འབེབས་འདིའི་དོན་ཚན་བཅུ་པ་དང་བཅུ་དྲུག་པར་གཏན་འབེབས་བྱས་པའི་གནས་ཚུལ་ཕུད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཕྱི་དབྱིབས་དང་ཐོ་འགོད་བྱས་ཟིན་པའི་འབྲེལ་ཡོད་ལག་རྩལ་གྱི་གྲངས་གཞིར་རང་དགར་འགྱུར་ལྡོག་བཏང་ཚེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྔར་ཡོད་བསྐྱར་བཟོ་བྱ་རྒྱུའི་བཀའ་རྒྱ་གཏོང་རྒྱུ་དང་འབྲེལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་500མན་གྱི་ཆད་པ་གཅོད་རྒྱུ་རེད་འདུག