第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年4月11日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་ཁྱད་ལྡན་འདེབས་ལས་འཕེལ་རྒྱས་
 

(པར་ངོས་དང་པོར་མཐུད) ལྷོ་བྲག་གིས་པད་ཁ་དང་སྲན་མའི་རྟེན་གཞི་མུའུ་11000བཙུགས་ནས་མང་ཚོགས་ཀྱི་འབབ་འཕར་རྒྱུན་བསྲིང་ཡོང་བ་བྱས་པ།

མཚོ་སྣས་ས་མཐོའི་ཇ་ལོའི་རྟེན་གཞི་མུའུ་693བཟོས་ནས་ཇ་ལོ་ཐོན་ཐུབ་པའི་མུའུ་210ཡོད་པར།ཇ་ལོ་ཐོན་ཚད་རྒྱ་མ་17783ཟིན་པ་དང་།འབབ་འཕར་སྒོར་ཁྲི་208བྱུང་བ།

ལྷུན་རྩེས་ལྗོངས་ཡོངས་ཀྱི་ནས་ནག་མ་འདེབས་འཛུགས་རྟེན་གཞི་ཆེ་ཤོས་བཏོད་ཐབས་བྱས་ཤིང་།འདི་ལོ་འཆར་གཞི་ལྟར་ན་མུའུ་ཁྲི་2.08འདེབས་རྒྱུ་ཡིན་པ་དང་།བཞོན་པ་མགོ་གྲངས་1500ཡན་གྱི་གསོ་ཚགས་རྟེན་གཞི་བཙུགས་ཡོད།

ཆུ་གསུམ་གྱིས་བོད་སྨན་འདེབས་འཛུགས་དང་ལས་སྣོན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་།བོད་སྨན་སྨན་རྒྱུ་མུའུ་520འདེབས་འཛུགས་བྱས་པ་དང་།འཆར་གཞི་ལྟར་ན་ད་དུང་མུའུ་500འདེབས་འཛུགས་བྱ་རྩིས་ཡོད་པ།

རྒྱ་ཚྭས་སྟར་ཀའི་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།ལྗོངས་ཡོངས་ནས་གཞི་ཁྱོན་ཆེ་ཤོས་ཀྱི་སྟར་ཀའི་གླིང་བཙུགས་པ་དང་།སྟར་ཀ་མུའུ་ཁྲི་2.1དང་སྟོང་རྐང་ཁྲི་48.1འདེབས་འཛུགས་བྱས་པ།

ཟངས་རིས་རྒུན་འབྲུམ་མུའུ་1400འདེབས་འཛུགས་བྱས་པ་མ་ཟད།རྒུན་འབྲུམ་ཨ་རག་གི་ཐོན་ལས་འཕེལ་རྒྱས་བཏང་ནས་འདེབས་འཛུགས་བྱེད་མཁན་ཁྱིམ་དུད་རེར་འབབ་འཕར་སྒོར་2000ཡན་ཟིན་པ་བྱས་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会要点
“གཉལ་སྨད་ཀྱི་སྙིང་སྟོབས”ལས་ནམ་ཡང་འོད་ཟེར་འཕྲོ།
ངེད་གྲོང་ཁྱེར་གྱིས་ཁྱད་ལྡན་འདེབས་ལས་འཕེལ་རྒྱས་
ལྷ་ས་ནས་ཉིང་ཁྲི་བར་གྱི་བསྐལ་ལ་མེ་འཁོར་ཕུག་ལམ་ཏལ་འབིགས་བདེ་བླག་བྱུང་བ།