第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年4月11日 星期
下一篇 4 放大 缩小 默认
“གཉལ་སྨད་ཀྱི་སྙིང་སྟོབས”ལས་ནམ་ཡང་འོད་ཟེར་འཕྲོ།
 

(པར་ངོས་དང་པོར་མཐུད) དཀའ་ལས་ཁྲག་དྲི་ཁ་བ་བརྒྱབ་ནའང་ཕན་འབྲས་དེ་ཙམ་ཐོན་མེད།

དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་གཉལ་སྨད་ཀུང་ཧྲེར་ཚོགས་ཆུང་6ཡོད་པ་དང་སྐལ་བཟང་དོན་ལྡན་ནི་ཚོགས་ཆུང་4པའི་ཙུའུ་ཀྲང་ཡིན།

འདི་ལོ་ལོ་73ལ་སླེབས་པའི་སྐལ་བཟང་དོན་ལྡན་གྱི་ལུས་ནས་ན་སོ་རྒས་པའི་ཉམས་ཤིག་མངོན་འོང་ནའང“གཉལ་སྨད་ཀྱི་སྙིང་སྟོབས”ཤོད་སྐབས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་སླར་ཡང་སྐབས་དེ་དུས་དཀའ་སྤྱད་ལས་བརྩོན་བྱེད་པའི་ལོ་ཟླར་ལོག་པའི་སྣང་བ་ཞིག་འཆར་གྱི་ཡོད་པ་འདྲ། ཁོང་གིས་གསར་འགོད་པར་དེ་དུས་ཀྱི་གཉལ་སྨད་ཀུང་ཧྲེ་རི་བོ་ཆེན་པོ་བཅུ་དང་ལུང་ཤུར་ཆེན་པོ་གསུམ་གྱི་རི་ཁུག་ཁག་ཏུ་ཁ་ཐོར་ནས་གནས་ཡོད།

“རི་མང་བ་དང་ཐང་སྡེར་ཉུང་བས་གྲོད་པ་རྒྱགས་ཀྱི་མེད་པ”ནི་སྐབས་དེའི་མང་ཚོགས་ཀྱི་གནས་ཚུལ་དངོས་ཤིག་རེད།

“ད་སྒུག་ནས་བསྡད་ན་ཡོང་བ་མི་འདུག ལྟོ་གྲོད་པ་རྒྱགས་པ་ཟ་དགོས་བསམ་ན་ཏ་ཀྲའེ་ལ་སློབ་སྦྱོང་བྱེད་དགོས་འདུག”ཅེས་1966ལོར་ཀུང་ཧྲེའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིག་འཛིན་དབང་རྒྱལ་གྱིས་དེ་ལྟར་བཤད་པ་དང་ཁོང་གིས་ངར་ཤུགས་བསྒྲིམས་ནས་གཉལ་སྨད་མང་ཚོགས་ཀྱི་སྣེ་ཁྲིད་དེ“ཡུས་ཀུང་གིས་རི་བོ་སྤོ་བའི”འགོ་བརྩམས་ཡོད།

གཉལ་གཞུང་གི་ཆུ་རྒྱུག་ཁུལ་དུ་འབྲུ་མ་སྐྱེས་ན་རི་སྟེང་དུ་བསྐྱོད་ནས་འདེབས་དགོས་སྙམ་པ་རིག་འཛིན་དབང་རྒྱལ་གྱིས་སྔ་ས་ནས་བསམ་བློ་བཏང་ཟིན་པ་དང་། ཀུང་ཧྲེའི་རྒྱབ་ཀྱི་རི་ལྡེབས་སུ་ཐང་བདེ་མོ་ཞིག་ཡོད་ཀྱང་རྡོ་མང་བས་དཀའ་ལས་ཆེ་ཙམ་ཡོད་པའང་ཁོང་གིས་སྔ་ས་ནས་རྟོགས་ཡོད།

བརྒྱབ་པའི་མདའ་ལ་ལོག་ཤོག་ཟེར་བའི་དཔེ་མེད་པ་ལྟར་ཉིན་གཉིས་པར་ཀུང་ཧྲེ་ཡོངས་ཀྱི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་འཇོར་དང་སྦྱག་མ་འཁྱེར་བ་དང་། གཡག་དང་རྟ་ལ་ལྕགས་གཤོལ་བསྐྱོན་ནས་རི་ལ་འཛེགས།

དེ་ནས་བཟུང“ཟངས་ཆེན་ཐང་ཁྱིམ་ལ་བརྩིས་ནས་ཟ་སྡོད་ཚང་མ་དེ་གར་བྱས་པ་ཡིན”ཞེས་སྐལ་བཟང་དོན་ལྡན་གྱིས་དེ་ལྟར་བཤད་ཅིང་། “ཟངས་ཆེན་ཐང་ལ་རྨོན་པ་རྒྱག་རྒྱུ་ཡིན་པ་གོ་རྗེས་ཚང་མའི་སེམས་ཤུགས་འཕེལ་བས། ཐ་ན་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད་ཚོས་ཀྱང་སེམས་ཤུགས་ཆེན་པོས་དེ་གར་ཡོང་གི་འདུག ལས་འགོ་བཙུགས་རྗེས་ཚང་མས་ཉིན་མཚན་བལྟོས་མེད་ངང་ལས་ཀ་བྱས་པས། ཀུང་ཧྲེའི་འགོ་ཁྲིད་ཀྱིས་མང་ཚོགས་ཀྱི་གཟུགས་པོར་སེམས་ཁུར་བྱས་ནས་དགོང་མོ་ལས་མཚམས་བཞག་ཀྱང་། ཚང་མས་ཁུ་སིམ་མེར་སྔར་བཞིན་ལས་ཀ་བྱེད་ཀྱི་ཡོད”ཅེས་བཤད།

སྡོད་ས་མེད་པ་ཚོས་གུར་ཕུབ་ཅིང་། མ་གཞི་དབྱར་ཁ་ཐིགས་པ་བརྒྱབ་པ་དང་དགུན་ཁ་གངས་བབས་ཀྱང་གཉལ་སྨད་མང་ཚོགས་ལ་གྲང་ངར་གྱི་ཚོར་སྣང་ཡོང་མྱོང་མེད། མི་རིང་བར་ཟངས་ཆེན་ཐང་ཞིང་ས་གཤིན་པོར་འགྱུར་རྒྱུ་ཡིན་པ་བསམ་སྐབས་ཚང་མའི་སེམས་ནང་སྤྲོ་སྣང་གིས་ཁེངས་བཞིན་ལུས་པོ་ཡོངས་ལ་འཛད་མཐའ་མེད་པའི་སྟོབས་ཤུགས་རྒྱས་པ་ལྟ་བུར་སྣང་།

མི་ལ་དཀའ་ལས་ཁག་རྒྱུ་མེད་ཀྱང་ལག་ཆ་ཟད་སྲིད། ལོ་གཅིག་རིང་གཉལ་སྨད་ཤང་གི་མང་ཚོགས་ཚོས་ངལ་རྩོལ་བྱས་རྗེས་ལྕགས་གཤོལ་དང་། སྦྱག་མ། འཇོར་བཅས་ཆིག་སྟོང་ལྷག་ཙམ་ཟད་པ་དང་། རྒན་རྒོན་དང་བྱིས་པ་ཚོས་རྡོ་རྒྱ་དཔངས་གྲུ་བཞི་ཆིག་སྟོང་ལྷག་ཙམ་བསྒྲུགས་ཡོད།

དཀའ་ལས་བརྒྱབ་པའི་མཐའ་མ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཅིང་། ལོ་གཉིས་པའི་དཔྱིད་རྨོད་གོང་གཉལ་སྨད་ཤང་གི་མང་ཚོགས་ཚོས་ཟངས་ཆེན་ཐང་དུ་ཐང་རྒོད་མུའུ་760ཙམ་སྦོལ་བ་དང་། ལོ་གཉིས་པའི་དགུན་ཁར་མུའུ་1100ཟིན་པའི་ཐང་རྒོད་ཚང་མ་སྦོལ་ཡོད།

གསར་བརྗེའི་དོན་སྙིང་ལྡན་པའི་རླབས་ཆེན་བྱ་བ་དེར་དྲན་གསོ་ཞུ་ཆེད། གཉལ་སྨད་ཤང་གི་མང་ཚོགས་ཀྱིས་ཟངས་ཆེན་ཐང་དེ་ཉིད“གསར་བརྗེ་ཐང”ཞེས་སུ་མིང་བསྒྱུར།

“བདེ་སྐྱིད་ཆུ་ཡུར”—— གཉལ་སྨད་བས་དཀའ་སྤྱད་འབད་འཐབ་བྱས་པའི་མཚོན་ཚུལ་དང“གཉལ་སྨད་ཀྱི་སྙིང་སྟོབས”འབྱུང་ཁུངས།

ས་ཁོད་སྙོམས་ཟིན་ཡང་ཆུ་མེད་ན་ཇི་ལྟར་བྱེད་དགོས་སམ།

ཟངས་ཆེན་ཐང་གི་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཟིན་པ་དེ་ཀུང་ཧྲེ་གནས་ཡུལ་ལས་སྨི་300ཡིས་མཐོ་བས་ཆུ་ཁུངས་གང་དུ་འཚོལ་བར་འགྲོ་དགོས་སམ།

“ཐོག་མར་ང་ཚོས་ཉེ་འགྲམ་གྱི་ཡུར་བུ་ནས་ཆུ་འདྲེན་རྩིས་བྱས་ཀྱང་། ཆུ་ཆུང་དྲགས་པས། ཞིང་ཆུ་འདྲེན་རྒྱུ་སྤྲོས་བྲལ་རེད་འདུག”ཅེས་སྐལ་བཟང་དོན་ལྡན་གྱིས་དྲན་གསོ་བྱེད་བཞིན་དུ་དེ་ལྟར་བཤད་ཅིང་། ཁོང་གིས“བསམ་བློ་ཞིབ་མོ་བཏང་རྗེས་ཚང་མས་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པའི་མོ་ལ་ནས་ཆུ་དྲངས་རྒྱུའི་ཐག་བཅད་པ་ཡིན”ཞེས་བཤད།

ས་མཐོར་འཚོ་བ་ཡུན་རིང་བསྐྱལ་བའི་གཉལ་སྨད་ཤང་གི་མང་ཚོགས་ཚོས་རི་མཐོ་གསོ་རླུང་དཀོན་པར་སྣང་བ་གཏན་ནས་གཏོང་གི་མེད་ཀྱང་ཆུ་ཡུར“ཁྲོ་ཆེན་བྲག”བརྒྱུད་ནས་འདྲུ་དགོས་པ་ཐོས་རྗེས་སེམས་ཁྲལ་ལངས། ཡིན་ནའང་དེ་དག་ལ་མ་ལྟོས་པར་འཕྲལ་སྒྲུབ་རུ་མི་70ལྷག་ཙམ་གྱིས་ལམ་རྒྱགས་འཁྱེར་ནས་འཕྲལ་དུ་མོ་ལའི་ཕྱོགས་སུ་ཐོན།

ལས་གྲྭའི་འཕེལ་རིམ་མགྱོགས་པས། རིང་པོར་མ་འགོར་བར་ཆུ་ཡུར“ཁྲོ་ཆེན་བྲག”ཡོད་ས་བར་དུ་འདྲུས་ཟིན།

“ཁྲོ་ཆེན་བྲག”ནི་གཡང་གཟར་བ་དང་རི་བབ་ཧ་ཅང་བཙན་པོ་ཡོད་པས། དེ་གར་ཆུ་ཡུར་འདྲུ་རྒྱུ་ནི་དངོས་འབྲེལ་ལས་སླ་པོ་ཞིག་གཏན་ནས་མ་རེད།

དཀའ་ངལ་གྱི་མདུན་དུ་གཉལ་སྨད་ཤང་གི་མང་ཚོགས་ཀྱིས་དཔའ་ཞུམ་མེད། ཁོང་ཚོས་ལུས་ལ་ཐག་པས་བསྡམས་ནས་དེར་འཛེགས་ཏེ་གཏལ་དོང་འབིགས་པ་དང་རྫས་མདེལ་བརྒྱབ་རྗེས་རྡོ་ཧྲུག་རྣམས་རེ་རེ་བཞིན་གཙང་སེལ་བྱས་ནས་དཀའ་ཚེགས་ཆེན་པོས་ལས་ལ་གཞོལ།

“དེ་དུས་དངོས་གནས་ཁག་པོ་བྱུང”ཞེས་སྐལ་བཟང་དོན་ལྡན་གྱིས་དེ་ལྟར་བཤད་པ་དང་ཁོང་གིས་ཆུ་ཡུར་འདྲུ་བར་བསྡོམས་ཟླ་བ་གཉིས་ཙམ་འགོར་བའི་ཁྲོད“ཁྲོ་ཆེན་བྲག”གཅིག་པུར་ཉིན་20ལྷག་ཙམ་འགོར་སོང་ཞེས་བཤད།

སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཅེས་པའི་དཔེ་ལྟར། གཉལ་སྨད་མང་ཚོགས་ཀྱིས་ཞིང་འདེབས་པ་དང་། ཆུ་འདྲེན་པ། རྩྭ་ངན་འཐུ་བ། ལུད་རྒྱག་པ་སོགས་བྱས་རྗེས་མཐར་སྟོན་ཐོག་བསྡུ་རྒྱུ་བྱུང་བ་དང་ལོ་དེ་རང་ལ་འབྲུ་རིགས་ཐོན་འབབ་རྒྱ་མ་ཁྲི་ཉི་ཤུ་སུམ་ཅུ་བྱུང་ཡོད།

སྟོན་ཐོག་བསྡུ་བའི་དུས་སུ་གཉལ་སྨད་ཀྱི་མང་ཚོགས་རྣམས་དགའ་སྤྲོ་རབ་ཏུ་འཕེལ་ཏེ་གླུ་ལེན་གར་འཁྲབ་བྱས་ནས་སྐྱིད་པའི་དབྱིངས་སུ་ཚུད།

བདེ་སྐྱིད་ལྡན་པའི་དུས་འདི་ནམ་ཡང་ངེས་པ་བྱ་ཆེད། གཉལ་སྨད་ཤང་གི་མང་ཚོགས་ཚོས་ཆུ་ཡུར་དེར“བདེ་སྐྱིད་ཆུ་ཡུར”ཞེས་མིང་བཏགས།

དྲན་གསོ་ཁང་། གཉལ་སྨད་བའི་སོན་ཞིང་དང“གཉལ་སྨད་ཀྱི་སྙིང་སྟོབས”ཁྱབ་ཁུལ།

“མྱུ་གུ་འབུས་ཚེ་མེ་ཏོག་བཞད་ནས་འབྲས་བུ་འདོགས་སྲིད”

ལྷུན་རྩེའི་ནས་ནག་གང་སར་སྐད་གྲགས་ཆོད་ཡོད། ད་ཕན་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས་འདེབས་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་ཐོན་འབོར་མང་དུ་བཏང་རུང་། དགོས་མཁོ་སྐོང་ཐུབ་ཀྱི་མེད།

ད་ཆའི་གསར་བརྗེ་ཐང་རྨོ་སྐྱུར་ནགས་གསོ་བྱས་རུང་། གཉལ་སྨད་ཤང་གི་མང་ཚོགས་ཀྱིས་དེ་སྔར་བཞིན་ནོར་བུ་ལྟར་བརྩི་གི་ཡོད། ལྷག་དོན་དུ་ལོ་ན་བགྲེས་པའི་རྒན་རྒོན་གྱིས་དེར་ཡང་སེ་འཛེགས་ཏེ་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཚང་མས་ཇི་ལྟར་བྱས་ཏེ་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་ཀྱི“གཉལ་སྨད་ཀྱི་སྙིང་སྟོབས”རྒྱུན་འཛིན་ཐུབ་རྒྱུའི་ཐད་བསམ་གཞིགས་བྱེད་བཞིན་མཆིས།

2016ལོའི་ཟླ་10པར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷུན་རྩེ་རྫོང་དུ་བརྟག་ཞིབ་གནང་སྐབས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ་བཞིན“གཉལ་སྨད་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ“གཉལ་སྨད་ཀྱི་སྙིང་སྟོབས”ཁྱབ་སྤེལ་ཡག་པོ་གཏོང་དགོས་ཞེས་གསུངས་པ་རེད།

2017ལོའི་ཟླ་12པར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཤུགས་ཆེའི་རྒྱབ་སྐྱོར་འོག “གཉལ་སྨད་ཀྱི་སྙིང་སྟོབས”དྲན་གསོ་ཁང་བསྐྲུན་ཡོད། འདི་ལོའི་ཟླ་3ཚེས་26ཉིན་དྲན་གསོ་ཁང་དངོས་སུ་སྒོ་ཕྱེ་བ་མ་ཟད། སྤྱོད་འགོ་ཡང་ཚུགས། དངོས་པོ་དང་། བརྙན་དཔར། རི་མོ་སོགས་བརྒྱུད“དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དང་། མི་དམངས་འཚོ་ཐབས་བྲལ་བའི་གཉལ་སྨད་རྙིང་པ”དང་། “གསར་སྦོལ་བྱས་ནས་འཕེལ་རྒྱས་དོན་གཉེར་དང་། རྣམ་པ་གསར་རྐྱང་དུ་གྱུར་ནས་སྙིང་སྟོབས་མངོན” “གསར་འབྱེད་གསར་གཏོད་ཀྱིས་ཐབས་ལམ་འཚོལ། སིལ་སྟ་རུའི་སྙིང་སྟོབས་ལས་མི་སེམས་རབ་ཏུ་འཕེལ”“བདེ་སྡོད་ལས་བརྩོན་གྱིས་འབྱོར་འབྲིང་ལམ་བུར་བསྐྱོད། སྤྱི་ཚོགས་རིང་ལུགས་ཀྱི་གཉལ་སྨད་གསར་པ”བཅས་སུ་ཕྱེ་ནས་མི་རྣམས་ལ་གཉལ་སྨད་མང་ཚོགས་ཀྱིས“གསར་བརྗེ་ཐང”གསར་སྦོལ་དང“བདེ་སྐྱིད་ཆུ་ཡུར”བསྐྲུན་པའི་དཀའ་ཚེགས་བརྒྱུད་རིམ་མངོན་པ་མ་ཟད། དུས་རབས་གསར་པའི་གཉལ་སྨད་ཀྱི་རྣམ་པ་གསར་པ་དང་དར་སྲོལ་གསར་པ་ཡང་མངོན་ནས་མི་རྣམས་ལ“གཉལ་སྨད་སྙིང་སྟོབས”སློབ་སྦྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

“མྱུ་གུ་འབུས་ཚེ་མེ་ཏོག་བཞད་ནས་འབྲས་བུ་འདོགས་སྲིད”“གཉལ་སྨད་སྙིང་སྟོབས”ཀྱི་དྲན་གསོ་ཁང་སྤྱོད་འགོ་ཚུགས་ནས“གཉལ་སྨད་སྙིང་སྟོབས”ཀྱི་འོད་ཟེར་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་འཕྲོས་ནས་མི་རྣམས་ལ་རང་སྟོབས་རང་འཕེལ་དང་། དཀའ་སྤྱད་འབད་བརྩོན། གོམ་ཆེན་ཆེན་པོས་མདུན་སྐྱོད་བཅས་བྱ་རྒྱུར་ལྕག་སྐུལ་ཐུབ་པའི་ཡིད་ཆེས་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会要点
“གཉལ་སྨད་ཀྱི་སྙིང་སྟོབས”ལས་ནམ་ཡང་འོད་ཟེར་འཕྲོ།
ངེད་གྲོང་ཁྱེར་གྱིས་ཁྱད་ལྡན་འདེབས་ལས་འཕེལ་རྒྱས་
ལྷ་ས་ནས་ཉིང་ཁྲི་བར་གྱི་བསྐལ་ལ་མེ་འཁོར་ཕུག་ལམ་ཏལ་འབིགས་བདེ་བླག་བྱུང་བ།