(པར་ངོས་དང་པོར་མཐུད)སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱན་མཚན་གྱིས་འཕྱོངས་རྒྱས་སུ་ལོག་རྗེས་རྒྱལ་ཡོངས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། རང་ཉིད་ཀྱི་མྱོང་ཚོར་ལྷུག་གླེང་ཐོག་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཀྱོན།
བཀྲ་ཤིས་རྒྱན་མཚན་གྱི་སྒྲོག་འགྲེལ་གསོན་ཉམས་ལྡན་པས་སྒྲོག་འགྲེལ་ཉན་མཁན་གྱི་མང་ཚོགས་ཚོས་ཀྱང་ནན་ཏན་ངང་ཉན་བཞིན་འདུག
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁྱེད་རང་གིས་རྗེས་སོར་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་གང་འདྲ་གནང་རྩིས་ཡོད་དམ་ཞེས་དང་།
གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁྱེད་རང་གིས་སྤུས་ཚད་དང་ལྡན་པའི་གྲོས་གཞི་གང་འདྲ་བྱས་ནས་འདོན་རྩིས་ཡོད་དམ་ཞེས་པ་ལ་སོགས་སྒྲོག་འགྲེལ་ཉན་མཁན་གྱི་མང་ཚོགས་ཚོས་བར་མཚམས་སུ་དྲི་བ་བཏོན་བཞིན་འདུག
བཀྲ་ཤིས་རྒྱན་མཚན་གྱིས། ངས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཐོག་རྗེས་མའི་ལ་དོན་ཁག་ནང་དོན་འཁྱོལ་ཐུབ་པ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་ཀྱི་ཡིན། ང་རང་གིས་བརྗིད་ཉམས་ལྡན་པའི་ངང་མི་དམངས་ཚོགས་ཁང་ཆེ་མོར་བསྐྱོད་དེ་གུས་ཤིང་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞལ་མཇལ་བྱུང་། དེ་དུས་ང་རང་ལ་ཏང་གི་འགོ་ཁྲིད་འོག་གི་བོད་ལྗོངས་གསར་པར་ཡིད་ལྟོས་འཕེར་བ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཆགས་ཐུབ་པ་བྱུང་བར་སྤོབས་སེམས་སྔ་ན་མེད་པ་ཞིག་སྐྱེས་བྱུང་ཞེས་གསུངས།
བཀྲ་ཤིས་རྒྱན་མཚན་གྱི་སྒྲོག་འགྲེལ་གནང་བ་བརྒྱུད་འཕྱོངས་རྒྱས་རྫོང་གི་ལས་བྱེད་མང་ཚོགས་ཚང་མར་ལྕག་སྐུལ་ཚད་མེད་ཐེབས་པ་རེད།
འཕྱོངས་རྒྱས་རྫོང་གི་ལས་བྱེད་པ་ཐཱན་ཡུད་ལུའུ་ཡིས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱན་མཚན་གྱི་སྒྲོག་འགྲེལ་ཉན་རྗེས། ང་ལ་ཚོར་བ་དྲག་པོ་སྐྱེས་བྱུང་། དངོས་གནས་ཡིན། ཚོགས་འདུ་གཉིས་ཀྱིས་ང་ཚོའི་རྗེས་མའི་ལས་དོན་ལ་རེ་འདུན་གསར་པ་མང་དག་ཅིག་བཏོན་ཡོད། རང་ཉིད་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་མིག་སྔའི་ལས་འགན་ཆེ་ཤོས་ཤིག་ནི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་རྒྱུ་དེ་རེད་ཅེས་བརྗོད།
ད་ཐེངས་སྒྲོག་འགྲེལ་བྱེད་སྒོའི་གསལ་འགྲེལ་གནང་བའི་ནང་དབུལ་སྒྲོལ་འགག་གཏོར་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་མཛད་ཕྱོགས་སྲིད་ཇུས་ཉན་རྗེས། ང་ཚོས་དེ་བས་གོམ་གང་མདུན་སྤོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་ཞིང་པར་ཐུགས་ཁུར་གང་འདྲ་གནང་གི་ཡོད་མེད་གསལ་པོ་ཤེས་པ་མ་ཟད། འབྱོར་ཕྱུག་ལྡན་པའི་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་རྒྱུར་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་ལྷ་ཡུལ་ཤང་སྦས་ན་གྲོང་ཚོའི་གྲོང་མི་ལྷ་འབྲུག་གིས་དགའ་དགའ་སྤྲོ་སྤྲོས་བརྗོད།