(པར་ངོས་དང་པོར་མཐུད)དཔལ་འབྱོར་མཉམ་ལས།ས་ཡོམ་ཅུད།སྡོད་ཁང་འཛུགས་སྐྲུན།ཚན་རྩལ།རླུང་འཕྲིན་བརྙན་འཕྲིན།སྡོམ་རྩིས།འཕེལ་སྒྱུར་ཨུ་ལྷན།ཚོང་དོན།བདེ་འཇགས་ལྟ་སྐུལ།ཕྱོགས་བསྡུས་ཁྲིམས་འཛིན་ཅུད།སྣེ་གདོང་ཆུས།ནགས་ལས་ཅུད།ཁྲ་འབྲུག་གྲོང་རྡལ་སོགས་ཏང་རྩ་འཛུགས་ཚན་པ་18ལ་ལྟ་བཤེར་བྱེད་རྒྱུ་ཡིན་པ་རེད།
2018ལོའི་ཐེངས་དང་པོའི་རྫོང་རིམ་པའི་ཕན་ཚུན་བརྗེ་རེས་ལྟ་བཤེར་གྱིས་ལྟ་བཤེར་ཚོ་ཆུང་4བཀོད་སྒྲིག་བྱས་ནས་གྲ་ནང་དང་ཆུ་གསུམ།མཚོ་སྨད།ལྷོ་བྲག་བཅས་རྫོང་བཞི་རུ་སྐོར་བཤེར་བྱེད་རྒྱུ་ཡིན་པ་རེད།
ཚོགས་འདུས།རྫོང་ཁག་དང་ཆུས་ཀྱི་སྐོར་བཤེར་ཚན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སྐོར་ཞིབ་ལས་དོན་ལ་མཛུབ་སྟོན་བྱེད་པ་དང་།སློབ་སྦྱོང་དང་གོ་བ་ནན་ཏན་དང་།རིག་པས་དོན་གཉེར།ངོ་མ་ཤེས་པ་དང་བྱང་ཆུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་གྲོང་ཨུད་སྐོར་བཤེར་ལས་དོན་ཁྲོད་ལག་ལེན་བསྟར་བ་དང་།འདུ་ཤེས་བཞི་ལ་ཤུགས་སྣོན་གྱིས་སྐོར་བཤེར་ལས་དོན་གྱི་ལམ་ལུགས་འཐུས་ཚང་བཟོས་ནས་དེ་བས་གཏིང་ཟབ་ཁྲོད་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།ཆབ་སྲིད་སྐོར་བཤེར་བྱེད་པའི་གལ་ཆེའི་དོན་སྙིང་ཁོང་དུ་ཆུད་པ་དང་།ལས་དོན་ཁག་གནད་འཕིགས་ཞིབ་ཚགས་ཡོང་བ་བྱེད་དགོས།གནད་དོན་ལ་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ལྟ་སྐུལ་གྱི་གཙོ་གནད་འབུར་ཐོན་དང་།བྱེད་ཐབས་གསར་གཏོད་བྱེད་དགོས།ངེས་པར་དུ་རང་ཚུགས་ཟིན་པ་དང་ཀུན་སྤྱོད་གཙང་བ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྐོར་བཤེར་ལས་བྱེད་པའི་དཔུང་ཁག་ཞིག་ཧུར་ཐག་བསྐྲུན་དགོས།ཏང་གི་སྒྲིག་ཡིག་དང་ཏང་སྲོལ།ཏང་གི་སྒྲིག་ཁྲིམས།ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་བསམ་བློ་བཅས་མཐའ་འཁྱོངས་བྱེད་རྒྱུ་དེ་སྐོར་བཤེར་ལས་དོན་གྱི་གཞི་འཛིན་ས་བྱེད་པ།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་དང་།ངེས་པར་དུ་རང་ལུས་རང་གཅེས་བྱེད་རྒྱུ་དེ་འགག་སྒོ་དང་པོར་བརྩིས་ནས།སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་ཐོག་ནས་ད་ཐེངས་སྐོར་བཤེར་ལས་དོན་ལེགས་སྒྲུབ་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ཚོགས་འདུ་གྲོལ་རྗེས།གྲོང་ཨུད་སྐོར་བཤེར་གཞུང་ལས་ཁང་གིས་སྐོར་བཤེར་ལས་བྱེད་ལ་ལས་སྒོའི་གསོ་སྦྱོང་བྱས་པ་རེད།
གྲོང་ཨུད་སྐོར་བཤེར་གཞུང་ལས་ཁང་དང་།སྐོར་བཤེར་ཚོ་ཆུང་གི་བློ་མཐུན་ཡོངས།རྫོང་ཁག་དང་ཆུས་ཨུད་ཀྱི་རྒྱུན་ཨུ།སྒྲིག་ཨུད་ཧྲུའུ་ཅི།ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན།སྐོར་བཤེར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་དང་དེ་བཞིན་སྐོར་བཤེར་གཞུང་ལས་ཁང་།སྐོར་བཤེར་ཚོ་ཆུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་ཚོགས་འདུར་ཞུགས་ཡོད་པ་རེད།