གཉལ་སྨད་ནི་མེས་རྒྱལ་གྱི་ས་གཞི་ཆེ་མོའི་ཐོག་དེ་ཙམ་དོ་སྣང་བྱ་ཡུལ་དུ་གྱུར་མི་སྲིད་པའི་ས་ཆ་ཞིག་ཡིན་ནའང་། རི་ཚོགས་ཀྱིས་བསྐོར་བའི་ས་ཆ་དེའི་དབུས་ཀྱི་མི་ཚོས་ས་རྒྱུ་ཞན་པའི་གནས་དེར་མི་སྒུག་མི་བརྟེན་པར་རང་ཉིད་ཀྱིས་འབད་བརྩོན་བྱས་ཏེ་རྔུལ་ཆུའི་ཐིགས་པ་དང་ལས་ལ་བརྩོན་པའི་གཤིས་རྒྱུད་ལས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཅེས་པའི་ཚིག་འདི་གཉིས་ལ་གསལ་བཤད་ཟབ་མོ་ཞིག་བྱས་ཡོད་ལ། མི་རྣམས་ལ་སྐུལ་ལྕག་ཐེབས་པའི“གཉལ་སྨད་ཀྱི་སྙིང་སྟོབས”བཏོད་ཡོད།
གངས་ལྗོངས་ས་མཐོའི་ཐོག་དམར་མདངས་བཀྲ་ཤོས་ཀྱི་དར་དམར་བཙུགས་པ་དང་དུས་རབས་ཀྱི་འབོད་སྒྲ་ཆེ་ཤོས་བསྒྲགས་ཤིང་། “རིང་ས་ཏ་ཀྲའེ་ལ་སློབ་སྦྱོང་དང་ཉེ་ས་གཉལ་སྨད་ཀྱི་རྗེས་ཟིན་ཐུབ་པ་བྱེད”ཅེས་པའི་འབོད་ཚིག་གིས་མི་རབས་ནས་མི་རབས་ལ་སྐུལ་ལྕག་ཐེབས་བཞིན་མཆིས།
“གསར་བརྗེ་ཐང”——གཉལ་སྨད་བའི་ཐོག་མའི་བསམ་འདུན་འཆང་ཡུལ་དང“གཉལ་སྨད་ཀྱི་སྙིང་སྟོབས”འབྱུང་ཡུལ།
ལྷུན་རྩེ་རྫོང་གྲོང་ནས་ཐོན་ཏེ་ལྷུན་རྩེའི་གཞུང་ཆུ་བཞུར་ཡུལ་འདེད་ནས་སྤྱི་ལེ་15ཙམ་བསྐྱོད་ན་གཉལ་སྨད་དུ་སླེབས་ཀྱི་ཡོད།
“ལྷུན་རྩེའི་ལུང་གཞུང་ཕྲ་ལ་རིང་བ་དང་དེར་འབྲུ་རིགས་དེ་ཙམ་སྐྱེ་ཡི་མེད། དཔྱིད་ཀ་བཏབ་ཀྱང་སྟོན་འབབ་མེད། སྐྱ་ཟད་སྔོ་ཐུག་སྐབས་སུ་གཞུང་ཆུར་ལྟ་བཞིན་གྲོད་པ་སྟོང་པར་སྡོད་རྒྱུ་ལས་མ་འདས”
བཀྲེས་ལྟོགས་ཀྱི་གནས་ལས་ཐར་ཆེད་ཡུལ་མི་ཚོས་ (པར་ངོས་གསུམ་པར་གཟིགས)
འདི་ནི་སྔར་མུས་བཞིན་གཉལ་སྨད་ཤང་གི་ཞིང་ཆུའི་ཆུ་འགོ་གལ་ཆེན་ཡིན་པའི“བདེ་སྐྱིད་ཆུ་ཡུར”ནང་ཆུ་མོ་ཤང་ཤང་དུ་རྒྱུག་པའི་གནས་ཚུལ་ཡིན་པ།