འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྤྱི་ཚེས་8ཉིན།ངེད་གྲོང་ཁྱེར་གྱིས་སྐབས་དང་པོའི་གྲོང་ཨུད་ཐེངས་བདུན་པའི་སྐོར་བཤེར་ལས་དོན་སྐུལ་སློང་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ།སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཐེངས་གསུམ་པའི་སྐོར་ཞིབ་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་།སྐབས་དང་པོའི་གྲོང་ཨུད་ཐེངས་བདུན་པའི་སྐོར་བཤེར་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་རྒྱུན་ཨུ།གྲོང་ཨུད་སྐོར་བཤེར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་ཝུ་ཝེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།གྲོང་ཨུད་རྩ་འཛུགས་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧྲེན་པའེ་ཚུན་ཚོགས་འདུར་ཞུགས།
གྲོང་ཨུད་ཀྱི་བཀོད་སྒྲིག་ལྟར།སྐབས་དང་པོའི་གྲོང་ཨུད་ཐེངས་བདུན་པའི་སྐོར་བཤེར་གྱིས་སྐོར་བཤེར་ཚོ་ཆུང་5བཀོད་སྒྲིག་བྱས་ཏེ།གྲོང་ཁྱེར་མི་རྒྱུན་ཐོན་ཁུངས་དང་དམངས་སྲིད།ཁོར་ཡུག་སྲུང་སྐྱོབ།དབུལ་སྐྱོར།ནོར་སྲིད།རྒྱལ་ཁབ་ས་ཆ། (པར་ངོས་གཉིས་པར་གཟིགས)