(པར་ངོས་དང་པོར་མཐུད) རྣམ་གྲངས་439ཡོད་པར་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་319ལེགས་སྒྲུབ་བྱུང་བ།སྒོར་དུང་ཕྱུར་10མན་གྱི་འཆར་འགོད་རྣམ་གྲངས་ཀྱི་སྔོན་འགྲོའི་ལས་དོན་ཁག་གྲ་སྒྲིག་བྱས་ཟིན་པ།རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འབོ་ཁུངས་སུ་བཅུག་པའི་རྣམ་གྲངས་2055ཡོད་པར་མ་དངུལ་སྒོར་དུང་ཕྱུར་337ཟིན་པ་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད།
རྣམ་གྲངས་ཀྱི་སྐུལ་སྤེལ་དང་ཁེ་ལས་ཀྱིས་རྒྱབ་སྐྱོར་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་ཅིང་།ན་ནིང་།ངེད་གྲོང་ཁྱེར་གྱིས་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་ཐེངས་5དང་ལས་ཡུལ་དངོས་ཀྱི་ཚོགས་འདུ་ཐེངས་1འཚོགས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་དོན་དངོས་དཀའ་ངལ་ཐག་གཅོད་བྱས་པར་མ་དངུལ་དོན་འཁྱོལ་གང་ལེགས་བྱུང་ནས་རྣམ་གྲངས་ལས་འགོ་འཛུགས་ཐུབ་པ་བྱུང་བ་དང་།དངུལ་རྩའི་ཚན་པས་རྣམ་གྲངས་ལ་གཞོགས་འདེགས་བྱས་ནས་དངུལ་བུན་སྒོར་དུང་ཕྱུར་35.3དོན་འཁྱོལ་བྱས་ཡོད།
གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་སྤེན་པ་ཚེ་རིང་གིས་ཉེ་བའི་ལོ་ཤས་ནང་ངེད་གྲོང་ཁྱེར་གྱིས་ལྷ་ཉིང་ལྕགས་ལམ་དང་རྩེད་གོང་རིམ་མཐོའི་གཞུང་ལམ།གཙང་པོའི་བྱང་རྒྱུད་གསར་སྤེལ་འཛུགས་སྐྲུན།བྲོ་ཡུལ་ཆུ་མཛོད་དང་ཡར་ཀླུང་ཆུ་མཛོད་འཛུགས་སྐྲུན།ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་རབ་དང་རིམ་པ་ལས་འགོ་བཙུཊ་པ་དང་ལེཊ་སྒྲུབ་བྱས་ཤིང་།རྣམ་གྲངས་དེ་དག་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གོང་འཕེལ།ས་ཁོངས་མཐུན་སྦྱོར།སྒྱུར་བཅོས་སྒོ་འབྱེད་སོགས་ཕྱོཊ་གང་ཅིར་ཁྱབ་ཡོད་པ་དེས་གྲོང་ཁྱེར་དཔལ་འབྱོར་འཕུར་མཆོང་ཡོང་རྒྱུར་རྨང་གཞི་བརྟན་པོ་འདིང་ཐུབ་ཡོད་ཅེས་བཤད།
རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་ཁྱིམ་ཚང་ཁྲི་སྟོང་མང་པོར་དངོས་ཕན་ཐོབ།
ན་ནིང་ལོ་མཇུག་ཏུ།རྩེད་གོང་རིམ་མཐོའི་གཞུང་ལམ་དངོས་སུ་ཤར་གཏོང་བྱུང་བ་དེ་ནི་ལྷོ་ཁའི་མི་རིགས་ཁག་གི་མི་དམངས་ཀྱི་ངོས་ནས་བཤད་ན་དམངས་ལ་སྟབས་བདེ་བསྐྲུན་པའི་གཞུང་ལམ་ཞིག་དང་།ཕྱུག་འགྱུར་ལམ་བུ་ཞིག བདེ་སྐྱིད་བསྐྲུན་པའི་ལམ་བུ་ཞིག་བཅས་ཡིན།
གཞུང་ལམ་དེ་ཤར་གཏོང་བྱུང་བ་ལས་བོད་དབུས་དང་ལྷོ་རྒྱུད་འབྲེལ་ལམ་སྔར་བས་ཟབ་གཏོང་དང་།ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བྱུང་བ་མ་ཟད།བོད་ཀྱི་རིག་གནས་ལ་ཡུལ་སྐོར་བྱེད་པའི་ལམ་ཐིག་གལ་ཆེན་ཞིག་ཏུ་འགྱུར་ནས་ལྷོ་ཁའི་འཕེལ་རྒྱས་ལ་འཕུར་མཆོང་གི་གཤོག་ཟུང་བསྒར་ཡོད་ལ།ལྷོ་ཁའི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དངོས་ཕན་ཐོབ་ཡོད།
རྣམ་གྲངས་བཀོད་འདོམས་པུའི་འགོ་འཛིན་བྱམས་བསྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།རྣམ་གྲངས་འཛུགས་སྐྲུན་བྱེད་རིང་།ང་ཚོས་ཁུལ་དེའི་མང་ཚོགས་ལས་ཞུགས་བྱེད་པར་སྔོན་ལ་བསམ་གཞིཊ་བྱས་ཏེ་ལས་ཞུགས་ལས་གནས་7244མང་དུ་བཏང་བར་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་7.75འཕར་ཐུབ་པ་བྱུང་ཡོད་ཅེས་དང་།རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་གྲོང་མི་ནོར་བུས་ང་ཚོས་ན་ནིང་གཞུང་ལམ་བཟོ་རིང་སྒོ་འགྲམ་དུ་ལས་ཞུགས་བྱས་པར་ཡོང་འབབ་ཡག་པོ་བྱུང་ཡོད་ལ།ཁྱིམ་ཚང་གི་ལས་ཀར་ཡང་འཐུས་ཤོར་མི་འགྲོ་བ་བྱུང་ཡོད་ཅེས་བཤད།
ནོར་བུ་དང་འདྲ་བར་གྲོང་ཁྱེར་ནང་ཁུལ་དུ་མང་ཚོགས་མང་པོ་ཞིག་གིས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་དངོས་ཕན་གང་མང་ཐོབ་ཡོད་པ་རེད།
ལྷུན་རྩེའི་གཉལ་གཞུང་བཞོན་མ་གསོ་ཚགས་འཛུགས་སྐྲུན་རྣམ་གྲངས་དེར་འཆར་གཞི་མ་འཇོག་སྒོར་ཁྲི་9776ཟིན་པར་སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་དཀར་ཆུ་འོ་མའི་ཐོན་འབབ་ཀྲོན་4000ཟིན་པ་དང་།ཡོང་འབབ་སྒོར་ཁྲི་100ལྷག་བྱུང་ནས་ཉེ་འཁོར་གྱི་ཁྱིམ་དུད་73དང་མི་གྲངས་135དབུལ་སྒྲོལ་ཡོང་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད།
གཙང་པོའི་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ལས་འགོ་བཙུགས་ནས་ད་བར་ཁུལ་དེའི་མང་ཚོགས་མི་ཐེངས་ཁྲི་319.16ཡིས་ལས་གྲྭའི་ནང་ཞུགས་པར་ཡོང་འབབ་སྒོར་ཁྲི་15404ལྷག་བྱུང་ཡོད་པ་རེད།
གྲོང་ཁྱེར་ཡོངས་ཀྱིས་ད་དུང་ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་ལ་གནད་སྨིན་དབུལ་སྐྱོར་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཐོག་བྱེད་སྒོ་དེའི་ནང་ཞུགས་མཁན་ཁེ་ལས་199ཙམ་ཟིན་ཅིང་།དབུལ་ཁྱིམ་1745དང་མི་གྲངས་6980ལ་དབུལ་སྒྲོལ་རོགས་སྐྱོར་བྱས་པར་ཁེ་ལས་ནས་མ་འཇོག་སྒོར་ཁྲི་3501ཟིན་ཡོད།
གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བ།
མི་ལ་བརྩོན་འགྲུས་ལྡན་གྱུར་ན།འཇིག་རྟེན་འདི་ན་དཀའ་བ་མེད།འདི་ལོ།ངེད་གྲོང་ཁྱེར་གྱིས་གཙོ་གནད་གསུམ་འབུར་ཐོན་དང་།དོན་ཆེན་བཞི་གཉེར་བའི་ལས་འགན་ལ་དམ་པོར་དམིགས་ཐོག་སྒོ་ཀུན་ནས་རྨང་གཞི་ལེགས་གཏོང་དང་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ།གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་ཡོང་བ་བྱེད་པ།ཁུལ་གསར་གྱིས་ཁྲིད་སྟོན་བྱེད་པའི་དཔལ་འབྱོར་ལས་ཀའི་བསམ་ཕྱོཊ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ཟླ་གསུམ་པ་ཤར་རྗེས།གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་ཤིང་།ལྷོ་ཁ་གྲོང་ཁྱེར་གྱི་ཆ་ཚང་སློབ་འབྲིང་གི་རྣམ་གྲངས་དངོས་སུ་བསྐྱར་ལས་ལས་འགོ་ཚུགས་པ་དང་།མི་དམངས་སྨན་ཁང་གནས་སྤོའི་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ།གྲོང་ཁྱེར་ཆུ་བེད་ཅུད་ཀྱིས་ཆེད་སྒྲུབ་ཚོ་ཆུང་མངགས་ཏེ་རྫོང་ཆུས་12སུ་རྣམ་གྲངས་ལས་འགོ་ཚུགས་པའི་གནས་ཚུལ་ལ་ལྟ་སྐུལ་བྱས་པ་སོགས་ལས་སྐབས་གསར་པའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚད་བརྒལ་གོང་འཕེལ་ཡོང་བར་ཀ་རྟེན་གྱི་ནུས་པ་ཐོན་ཐུབ་པ་བྱུང་ཡོད། ཟླ་3ཚེས་7བར།གྲོང་ཁྱེར་ཡོངས་ཀྱི་དུས་ཚིགས་དང་པོའི་རྣམ་གྲངས་92གསར་ལས་དང་བསྐྱར་ལས་འགོ་ཚུགས་པར་མ་འཇོག་སྒོར་དུང་ཕྱུར་526.8ཟིན་ཡོད་པ་དང་།དེའི་ནང་མཐུད་འཛུགས་རྣམ་གྲངས་65ཡོད་པར་མ་འཇོག་སྒོར་དུང་ཕྱུར་494.2བཏང་བ།གསར་དུ་ལས་འགོ་བཙུགས་པའི་རྣམ་གྲངས་27ལ་མ་འཇོག་སྒོར་དུང་ཕྱུར་32.6ཟིན་ཡོད། རྣམ་གྲངས་རེ་རེ་བཞིན་ལས་འགོ་འཛུགས་སྐྲུན་བྱས་པ་དེས་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་ཡོང་རྒྱུར་འདེགས་སྐྱོར་གང་ལེགས་བྱུང་ཡོད་ལ།གཙོ་གྲས་རྣམ་གྲངས་ཁག་གཅིག་རྗེས་གཉིས་མཐུད་དུ་ལེགས་སྒྲུབ་བྱུང་བ་ལས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ལ་ཚད་བརྒལ་གྱི་ལེགས་སྒྱུར་ཡོང་རྒྱུར་གསོན་ཤུགས་གསར་པ་སྦྱིན་ཡོད།