第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年3月19日 星期
下一篇 4 放大 缩小 默认
སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ ལྷན་ཁང་གི་འགོ་ཁྲིད་པ་འདེམས་བསྐོ་བྱས་པ།
 

(པར་ངོས་དང་པོར་མཐུད) ཨུ་ཡོན་ཁྱོན་2158ཡོད་པ་དང་དེ་རིང་དངོས་སུ་ཕེབས་པའི་ཨུ་ཡོན་2144ཡོད་པས་འདེམས་བསྐོའི་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་གྱི་ཡོད།

འདེམས་བསྐོ་མ་བྱས་གོང་ཚོགས་འདུ་གཙོ་སྐྱོང་བས་དང་ཐོག་ལས་དོན་མི་སྣ་གདན་དྲངས་ནས་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོ་སྒྲོག་སྦྱངས་བྱས་པ་རེད།

ཟླ་3ཚེས་14ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཏེ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ལས་ཨུ་ཡོན་བཅས་འདེམས་བསྐོ་བྱས་ཤིང་། ཚོགས་འདུ་གཙོ་སྐྱོང་བས་དབང་དབྱང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ལུགས་ཁྱབ་བསྒྲགས་གནང་རྗེས་ཡུས་ཀྲེང་ཧྲེང་གིས་དགྱེས་ཚོར་ཆེན་པོས་དབང་དབྱང་ལ་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས་ལ་གཞིགས་ནས་ཚོགས་ཆེན་ཐོག་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་སྤྱད་ཡོད། ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ལས་ཨུ་ཡོན་བཅས་འདེམས་གྲངས་མཚུངས་པའི་འདེམས་བསྐོ་བྱ་ཐབས་སྤྱད་ནས་བདམས་ཐོན་བྱུང་བ་རེད།

འདེམས་ཤོག་རྩིས་བརྒྱབ་ཚར་རྗེས་ལས་དོན་མི་སྣས་འདེམས་ཤོག་འཕངས་པའི་འབྲས་བུ་སྒྲོག་སྦྱངས་བྱས་པ་དང་འདེམས་བསྐོའི་འབྲས་བུའི་ནང་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ལས་ཨུ་ཡོན་བཅས་ཁྱོན་འོས་མི་325ལ་ཐོབ་པའི་འདེམས་ཤོག་ཚང་མ་ཨུ་ཡོན་ཚང་མའི་གྲངས་འབོར་གྱི་ཕྱེད་ཀ་ལས་བརྒལ་ནས་ཚང་མ་བདམས་ཐོན་བྱུང་བ་མཚོན་པ་རེད།

གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ཆ་སྙོམས་ལོ་ཚད་64ཡིན་པ་དང་། ཀྲུའུ་ཞི་གཞོན་པའི་ནང་ཀྲུང་གུང་ཏང་ཡོན་11དང་། ཀྲུང་གུང་ཏང་ཡོན་མིན་པ་13 གྲངས་ཉུང་མི་རིགས་ཀྱི་མི་སྣ་4 བུད་མེད་2བཅས་ཡོད་པ་རེད། གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་ཨུ་ཡོན་གྱི་ཆ་སྙོམས་ལོ་ཚད་59.3ཡིན་པ་དེའི་ནང་ཀྲུང་གུང་ཏང་ཡོན་མིན་པ་195ཡོད་པ་དེས་65%བཟུང་བ་དང་། གྲངས་ཉུང་མི་རིགས་ཀྱི་མི་སྣ་33ཡོད་པ། བུད་མེད་39ཡོད་པ་བཅས་རེད། ཚོགས་ར་ཡོངས་ཀྱི་ཨུ་ཡོན་གྱིས་སྐབས་གསར་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:国际国内
སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ ལྷན་ཁང་གི་འགོ་ཁྲིད་པ་འདེམས་བསྐོ་བྱས་པ།
ལྒང་ཕུག་འདི་རིགས་རབ་བྱུང་ན་མ་ཉོས་རོགས།
གོམ་བགྲོད་གསར་པས་རྣམ་པ་གསར་རྐྱང་ཆགས།
ངེད་གྲོང་ཁྱེར་གྱི་ཞིང་གསུམ་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོབ་པ།