འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།གྲོང་ཁྱེར་མི་དམངས་སྨན་ཁང་གནས་སྤོ་བྱེད་པའི་རྣམ་གྲངས་བསྐྱར་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།གྲོང་ཁྱེར་མི་དམངས་སྨན་ཁང་གནས་སྤོ་བྱེད་པའི་རྣམ་གྲངས་ས་ཆ་དེ་ཟོ་ར་ལམ་དང་རྩེད་ཐང་ལམ་ཆེན་འདྲེས་སར་ཡོད་པ་དང་།བྱང་དུ་ལྷ་ཉིང་ལྕགས་ལམ་དང་།ས་ཆའི་རྒྱ་ཁྱོན་ལ་མུའུ་268.72ཡོད་པ་དེའི་ནང་སྨན་ཁང་ལ་མུའུ་249.55དང་།ལྟེ་བའི་ཁྲག་ཚིགས་ལ་མུའུ་8.63 སྨན་བཅོས་ཚོགས་སྤྱིའི་བོད་སྐྱོར་སྤྱི་ཤག་ལ་མུའུ་10.54བཅས་ཡོད།འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་73692.44དང་མ་འཇོག་སྒོར་ཁྲི་40808ཟིན་པ་དེའི་ནང་རྒྱལ་ཁབ་ཀྱི་མ་འཇོག་སྒོར་ཁྲི་10100ཡོད་པ་རེད།
2017ལོའི་ཟླ་5ཚེས་31ཉིན།རྣམ་གྲངས་ལ་ཆོག་མཆན་རགས་ཙམ་ཐོབ་པ་དང་།ཟླ་6ཚེས་4ཉིན་སྣེ་གདོང་ཆུས་ཀྱིས་རྣམ་གྲངས་དེའི་ས་བསྡུ་བཤིག་སྤོའི་ལས་དོན་ལེགས་སྒྲུབ་ཟིན་པ་དང་།ཟླ་6ཚེས་6ཉིན།རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་དང་།2017ལོའི་ཟླ་11བར།རྣམ་གྲངས་ཀྱི་ཐོག་ཁང་ཁག་གི་གཙོ་བོའི་གྲུབ་ཆ་ལེགས་གྲུབ་ཟིན་པ་དང་།མ་འཇོག་གི་སྒོར་ཁྲི་15000ལེགས་གྲུབ་ཟིན་ཡོད།
མིག་སྔར།ཨར་ལས་ཕྱོགས་ཀྱི་དོ་དམ་མི་སྣ་ཁག་རྣམ་གྲངས་ལས་ཡུལ་དུ་འབྱོར་ཟིན་པ་དང་།ནང་སའི་ངལ་ནུས་ཁག་བགོས་ཀྱིས་བོད་ལ་འབྱོར་བ་དང་།ཐེངས་དང་པོའི་ལས་བཟོ་ཁག་ཟླ་3ཚེས་1ཉིན་ནས་ཚེས་3བར་འབྱོར་གྱི་ཡོད་པ་དང་།རྩེད་ཐང་དུ་ཡོད་པའི་ངལ་ལས་མི་སྣ་ཁག་ལས་གནས་ཁག་ཏུ་འབྱོར་ཟིན་པ། ཟླ་3ཚེས་15ཉིན་ནས་ལས་འགོ་ཚུགས་ཟིན་པ་རེད།