འདི་ནི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ཞིང་པ་ཚོས་ཞིང་འཕྲུལ་ལ་བརྟེན་ནས་དཔྱིད་རྨོད་དཔྱིད་འདེབས་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ངེད་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཞིང་གསུམ་ལས་དོན་དང་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། སྒོ་ཀུན་ནས་ཏང་གིས་ཞིང་གསུམ་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་གྱིས་འཕེལ་རྒྱས་གསར་པའི་འདུ་ཤེས་མཐའ་འཁྱོངས་སྒོས་ཞིང་གསུམ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པས་ཕན་འབྲས་མངོན་གསལ་དོད་པའི་ཕན་འབྲས་ཐོབ་པ་རེད།
ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་མངོན་གསལ་བྱུང་བ་སྟེ། ངེད་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་མཁན་མུ་མཐུད་ནས་རྒྱ་སྐྱེད་བྱུང་ཞིང་། མིག་སྔར་། གྲོང་ཁྱེར་ཡོངས་ལ་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་དུ་གྱུར་བའི་སྣེ་ཁྲིད་ཁེ་ལས་ཚན་པ་2དང་གྲོང་ཁྱེར་རིམ་པའི་ཁེ་ལས་ཚན་པ་7བྱུང་ཡོད་པས་དེའི་སྣེ་ཁྲིད་འོག་མི་རེའི་ཆ་སྙོམས་འབབ་འཕར་སྒོར་4100ལྷག་མངོན་གྱུར་ཐུབ་ཡོད། ཞིང་འབྲོག་ལས་ཀྱི་བརྒྱ་སྟོང་ཁྲི་ལས་གཞི་ཞེས་པར་གཞི་ཁྱོན་རྩ་བའི་ཆ་ནས་གྲུབ་ཅིང་། དེའི་ནང་གྲ་ནང་གི་ལི་གྲོར་རྒྱལ་ཁབ་ཞིང་ལས་ཕྱོགས་བསྡུས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་རྣམ་གྲངས་འཛུགས་སྐྱོང་བྱེད་རྒྱུར་ཆོག་མཆན་ཐོབ་པ་དང་། ལྷོ་བྲག་གི་ཧྥིང་བདེ་བླག་ངང་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཅན་གྱི་སྲུང་སྐྱོབ་ཐོན་རྫས་འཛུགས་གཏོད་ཐུབ་ནས་འབྲུ་རིགས་ཐོན་འབབ་ལོ་བསྟུད་མར་འབབ་འཕར་མངོན་གྱུར་བྱུང་ཡོད་པ་རེད།
ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་མངོན་གསལ་བྱུང་ཡོད་པ་སྟེ། ངེད་གྲོང་ཁྱེར་གྱིས་གཉིས་ལས་ལས་གཞི་ (པར་ངོས་གསུམ་པར་གཟིགས་)