第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2018年2月5日 星期
3 上一篇  下一篇 4 放大 缩小 默认
གཉིས་གཏོད་ཀྱི་ཚ་རླབས་ཡར་ཀླུང་གཞུང་དུ་འཕྱུར་བ།
 

(པར་ངོས་དང་པོར་མཐུད) 2017ལོར་ངེད་གྲོང་ཁྱེར་གྱིས་གསོ་སྦྱོང་གི་མ་དངུལ་སྒོར་ཁྲི་2057.86བཏང་སྟེ་རིགས་ཁག་གི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་275གཉེར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་ཡོད་མཁན་10384ལ་གསོ་སྦྱོང་བྱས་ནས་གསོ་སྦྱོང་བྱེད་ཚད་95%ཟིན་པ་དང་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་70%ཡན་ཟིན་ཡོད་པ་རེད།

སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་ལས་གཏོད་བྱེད་མཁན་ལ་འཕེལ་རྒྱས་དོན་གཉེར་བྱས་པ།

གྲ་ནང་རྫོང་གྲ་ཕྱི་ཤང་དམངས་ཕན་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་དང་། རྒྱ་ཚྭ་རྫོང་ལས་གཏོད་བརྡ་ཁྱབ་སྨྱན་སྦྱོར་ཚད་ཡོད་ཀུང་སི། ལྷུན་རྩེ་རྫོང་ཀྲོ་པ་རིག་གནས་ཚད་ཡོད་ཀུང་སི་བཅས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁེ་ལས་གསུམ་གྱི་སྐོར་གླེང་སྐབས་ལྷོ་ཁའི་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་ངེད་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས《ལྷོ་ཁ་གྲོང་ཁྱེར་གྱི་ལས་གཏོད་རྒྱབ་སྐྱོར་གྱི་མ་དངུལ་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》སོགས་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་རིགས་ཁག་གི་ཚོགས་སྤྱིས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་བཟོས་ཏེ་བཏོན་ནས་རྒྱ་ཆེའི་ལས་གཏོད་པར་རྒྱབ་སྐྱོར་བྱས་པ་རེད།

གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ལི་ཧུང་གིས་2017ལོར་ངེད་གྲོང་ཁྱེར་གྱིས་རིམ་པ་འདི་གའི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་500བཏོན་ཏེ་ལས་གཏོད་རྒྱབ་སྐྱོར་ལ་སྤྱད་པ་དེའི་ནང་གོང་གི་ཁེ་ལས་གསུམ་པོ་ཁོ་ནར་མ་དངུལ་རྒྱབ་སྐྱོར་བྱེད་ཚད་སྒོར་ཁྲི་120ཟིན་ཡོད་ཅེས་བཤད།

མི་དེ་བས་མང་བའི་བསམ་བློ་འགྱུར་ལྡོག་ཕྱིན་ནས་ལས་གཏོད་ཀྱི་ཚ་རླབས་ནང་ཞུགས་ཐུབ་པ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཐེངས་3བྱས་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་1300ལྷག་ཙམ་སྤྲད་ནས་བྱ་ཐབས་སྣ་ཚོགས་བརྒྱུད་མི་ཐེངས་684ལ་སྲིད་ཇུས་ཀྱི་བློ་འདྲི་བྱས་ཡོད།

2017ལོར་ངེད་གྲོང་ཁྱེར་དུ་སྤྱི་ཕན་རང་བཞིན་གྱི་ལས་སྒྲུབ་མི་སྣ་2425མང་དུ་ཕྱིན་པའི་ནང་ལས་ཁུངས་དང་བྱ་གཞག་ཚན་པར་མི་གྲངས་51གི་ལས་གནས་མང་དུ་ཕྱིན་པ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སྒོར་ཁྲི་1065སྤྲད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:两会专版
ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ།
ཁྱེད་ཀྱིས་ཐོབ་ཐང་ལག་ཁྱེར་ཨང་གྲངས་ཀྱི་གོ་དོན་ཤེས་སམ།
གཉིས་གཏོད་ཀྱི་ཚ་རླབས་ཡར་ཀླུང་གཞུང་དུ་འཕྱུར་བ།
དྲང་ནུས་བརྒྱུད་སྤེལ་བྱས་ནས། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན།