(པར་ངོས་དང་པོར་མཐུད) ངེད་གྲོང་ཁྱེར་གྱིས་སྔ་བར་ཕྱི་གསུམ་དུ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དེ་གནས་བབ་ཧ་ཅང་གལ་ཆེན་དུ་བཞག་པས་གཅིག་གྱུར་འགོ་ཁྲིད་དང་། གྲོང་ཁྱེར་ཡོངས་སུ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། དྲིལ་བསྒྲགས་སྡེ་ཚན་ནས་སྒྲིག་འཛུགས་མཐུན་སྦྱོར། འབྲེལ་ཡོད་སྡེ་ཚན་ནས་ལས་བགོས་འགན་ཁུར་བཅས་ཀྱི་ལས་ཀའི་བྱེད་སྟངས་ཤིག་ཆགས་ཡོད་པ་རེད། ངེད་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་གཡན་ཧུང་གིས་ང་ཚོས་རྒྱལ་ཁབ་ཀྱི་སྲིད་དོན་དང་དོན་གནད་ལ་དམ་པོར་གཞིགས་ནས་སློབ་སྦྱོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་པ་དང་སློབ་སྦྱོང་གཏིང་ཟབ་དང་།རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ལ་རིམ་པ་བཞིན་སྐུལ་འདེད་གཏོང་བའི་དམིགས་ཚད་གྲུབ་སོང་ཞེས་བརྗོད།
གླེང་ཕྱོགས་ལ་སྣེ་ཁྲིད་བྱས་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་བ།
གསར་འགྱུར་གླེང་ཕྱོགས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་ཆེས་མདུན་སར་གནས་ཡོད་ཅིང་། ངེད་གྲོང་ཁྱེར་དང་རིམ་ཁག་གཙོ་རྒྱུན་སྨྱན་སྦྱོར་སྡེ་ཚན་གྱིས་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་བསྒྲགས་བྱེད་ཤུགས་དང་། སྣེ་ཁྲིད་བྱེད་ཤུགས། ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དྲ་ཐོག་དྲ་འོག་གི་སེམས་མཐུན་འཁོར་རྒྱ་ནུས་ལྡན་བཏོད་ཡོད་པ་རེད།
སྔར་ནས་བཟུང་།ངེད་གྲོང་ཁྱེར་གྱིས་མཐུན་སྒྲིལ་དང་། བརྟན་ལྷིང་། ངར་ཤུགས་དང་དྲང་ཕྱོགས་ནས་དྲིལ་བསྒྲགས་གཙོ་བོར་བྱས་ཏེ་རིམ་དབྱེ་དང་། རིགས་དབྱེ། བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཏེ་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་ཀྱི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཡོད་པ་རེད། མིག་སྔའི་བར་ཀྲུང་དབྱང་ཁོར་ཡུག་ལྟ་བཤེར་ལས་དོན་ལ་གཞིགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གནས་ཚུལ་འགོད་སྤེལ་རབ་དང་རིམ་པ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བར་དམིགས་ནས་འབད་འབུངས་ཡར་བརྩོན་གྱི་ལོ་ལྔ་ཞེས་པའི་ཆེད་དོན་གནས་ཚུལ་སྤེལ་བ། བོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་དངོས་མཚོན་གློག་བརྙན《འཛམ་གླིང་ཡང་རྩེར་འཚོ་བ་སྐྱེལ》དང་། 《བོད་སྡོད་ཨམ་བན》 《ལྟ་ན་སྡུག་པའི་མེས་རྒྱལ་གྱི་ས་ཆ་སྲུང་སྐྱོང་བྱེད》ཅེས་པ་སོགས་ཀྱི་པར་ལེན་དྲིལ་བསྒྲགས་བྱེད་རོགས་བྱས་ཏེ་གླེང་ཕྱོཌ་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད།
དེ་དང་ཆབས་ཅིག་ངེད་གྲོང་ཁྱེར་གྱིས་ད་དུང་སྐད་འཕྲིན་དྲིལ་བསྒྲགས་ཀྱི་ལས་ཀའི་མ་ལག་ཧུར་ཐག་བསྐྲུན་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ལ་ཁྱབ་པའི་སྐད་འཕྲིན་གཉིས་དང་དུད་སྣེ་གཅིག་གི་སྐད་འཕྲིན་དྲིལ་བསྒྲགས་ཀྱི་མ་ལག་བསྐྲུན་ཡོད་པ་རེད།
ཤེས་དཔལ་སྲོལ་གཏོད་ཀྱིས་དྲང་ནུས་བརྒྱུད་སྤེལ་བྱས་པ།
2017ལོར་ངེད་གྲོང་ཁྱེར་གྱིས་ལས་ཀའི་ལམ་སྲོལ་གསར་གཏོད་དང་སྲོལ་གཏོད་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་ཤེས་དཔལ་སྲོལ་གཏོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་ཏེ་སྤྱི་དམངས་ཀྱི་བྱང་ཚད་དང་ས་ཁོངས་ཀྱི་ཤེས་དཔལ་གྱི་ཞི་མཐུན་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད།
ངེད་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་དཔེ་མཚོན་མིག་དཔེ་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་ཤེས་དཔལ་ཚན་པ་བཅས་འདེམས་གཏོད་འོས་སྦྱོར་དང་། རང་སྐྱོང་ལྗོངས་རིམ་པའི་ཁ་དན་ཚིག་གནས་ཚོང་ཁང་ལ་བྱང་བུ་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་། མི་བཟང་ལ་འབྲས་བཟང་སྨིན་ཞེས་པའི་སྐབས་ལྔ་པའི་སེམས་འགུལ་ཐེབས་པའི་ལྷོ་ཁའི་མི་སྣ་ཡག་ཤོས་བཅུའི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་བ་རེད། གཏོད་འདེམས་བྱེད་སྒོ་ཁག་ཏུ་ཚེ་རིང་ནོར་བུ་རྒྱལ་ཡོངས་ཀྱི་མི་བཟང་གི་གྲས་སུ་ཚུད་པ་དང་། སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་གྲོང་ཚོ་དང་། ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་མདོ་ཡུལ་གྲོང་ཚོ་རྒྱལ་ཡོངས་ཤེས་དཔལ་གྱི་འདེམས་སྒུག་གྲོང་ཚོར་བདམས་པ། གྲ་ནང་རྫོང་ནོར་སྲིད་ཅུས་དང་། ལྷོ་བྲག་རྫོང་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་སོགས་ཚན་པ་5རྒྱལ་ཡོངས་ཀྱི་ཤེས་དཔལ་འདེམས་སྒུག་ཚན་པར་ཚུད་པ། ཚོང་ཁང་5རང་སྐྱོང་ལྗོངས་རིམ་པའི་ཁ་དན་ཚིག་གནས་ཀྱི་ཚོང་ཁང་ལ་བདམས་ཡོད་པ་རེད། དེ་དང་ཆབས་ཅིག་ངེད་གྲོང་ཁྱེར་གྱིས་ད་དུང་རྒྱལ་དར་ལ་གུས་འདུད་ཞུ་ཞེས་པའི་བྱེད་སྒོ་6000ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་30ལྷག་ཙམ་ཞུགས་ཡོད་པ་རེད།