第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གཙང་པོའི་བྱང་རྒྱུད་ཀྱི་ཁུལ་གསར་གསར་སྤེལ་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ།
བོད་ཀྱིས་མཐའ་མཚམས་གྲོང་ཚོའི་དབུལ་སྒྲོལ་འདེགས་སྐྱོར་ཤུགས་ཆེན་བྱས་པ།
བོད་ཀྱིས་གཞུང་ཁོངས་ཁེ་ལས་བསྐྱར་འཛུགས་ཀྱིས་ ཡུལ་སྐོར་རིག་གནས་ཐོན་ལས་གསར་སྤེལ་བྱས་པ།
ཆུ་ཇི་ལྟར་བཏུངས་ན་ལུས་པོ་བདེ་ཐང་ཡོང་བ་དང་ཞོགས་པར་ཆུ་རིགས་བཞི་འཐུང་མི་ཉན་པ་ཤེས་སམ།
ངེད་གྲོང་ཁྱེར་གྱིས་ཐེངས་དང་པོའི་རང་མོས་ཀྱིས་ཁྲིམས་འགལ་སྒྲིག་བཀོད་བཤིག་པའི་བྱ་དགའི་ཁ་གསབ་མ་དངུལ་སྤྲད་པ།
| 山南网首页 |
2018年1月8日 星期
3 上一篇  下一篇 4 放大 缩小 默认
ཆུ་ཇི་ལྟར་བཏུངས་ན་ལུས་པོ་བདེ་ཐང་ཡོང་བ་དང་ཞོགས་པར་ཆུ་རིགས་བཞི་འཐུང་མི་ཉན་པ་ཤེས་སམ།
 

མི་དམངས་དྲ་བའི་འཕྲིན། ཉིན་རེར་ཆུ་ཕོར་པ་བརྒྱད་འཐུང་བའི་རྩ་དོན།

གལ་ཏེ་ཆུ་བཏུངས་པ་མང་དྲགས་ཤིང་ཕྱིར་འབུད་རྒྱུ་ཉུང་སོང་ན་ལུས་པོར་ཆུ་བསགས་ནས་སྐྲང་སྲིད་པ་མ་ཟད། ཆུ་དུག་ཀྱང་ཕོག་སྲིད་པས། དེའི་ཕྱིར་ཆུ་འཐུང་བར་ཚན་རིག་དང་མཐུན་དགོས་པ་རེད།

ཉིན་རེའི་ཆུ་ཕོར་པ་དང་པོ། ཆུ་ཚོད་8ཀྱི་ཐོག

ཞོགས་པ་ཡར་ལངས་རྗེས་ཞོགས་ཟས་བཟའ་རྒྱུར་བྲེལ་བ་མ་བྱེད་པའི་སྔོན་ལ་ཆུ་དྲོན་མོ་ཕོར་པ་གང་བཏུངས་ནས་ཕོ་བ་དྲོ་རུ་བཅུག་ན་ལུས་ལ་ཕན་པ་ཡོད།

ཆུ་ཕོར་པ་གཉིས་པ། ཆུ་ཚོད་9ཡི་ཐོག

སྔ་དྲོར་ཉིན་གཅིག་གི་ལས་ཀ་འགོ་བརྩམས་དུས། ཆུ་ཕོར་པ་གང་བཏུང་རྒྱུ་མ་བརྗེད་པར་བྱེད་དགོས། དེས་ཕྱོགས་གཅིག་ནས་ཁྱེད་རང་གིས་སྙིང་སྟོབས་རྒྱས་སུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་བློ་རིག་དྭངས་གསལ་ཡོང་བར་བྱས་ནས་ལས་ཕྱོད་ཆེ་རུ་འགྲོ་བར་ཕན་པ་ཡོད་པས། དེའི་ཕྱིར་ལས་ཀ་བྱེད་འགོ་མ་ཚུགས་པའི་གོང་ལ་ཆུ་ཕོར་པ་གང་བཏུང་རྒྱུ་བརྗེད་མི་རུང་། ཉིན་རེའི་སྔ་དྲོའི་ཆུ་ཚོད་9ནས་ཆུ་ཚོད་10ཡི་སྐབས་ནི་སྙིང་ནད་ཕོག་ཚད་ཆེས་ཆེ་བའི་དུས་ཚོད་ཡིན་ཞིང། དེའི་རྒྱུ་རྐྱེན་གཅིག་ནི་ལུས་པོའི་ནང་ཆུ་མི་འདང་བ་དང་འབྲེལ་བ་ཡོད་པ་རེད།

ཆུ་ཕོར་པ་གསུམ་པ། ཆུ་ཚོད་11དང་སྐར་མ་30ཐོག

ཉིན་གུང་ཟ་མ་མ་བཟས་གོང་ལ་ཆུ་ཕོར་པ་གང་བཏུང་རྒྱུ་ངེས་པར་ངེས་དགོས། དེ་ནི་དེ་དུས་ཕོ་བ་སྟོང་པ་ཡིན་པའི་རྐྱེན་གྱིས་ཟ་འཐུང་བག་མེད་མི་བྱེད་པའི་ཆེད་དུ་རེད།

ཆུ་ཕོར་པ་བཞི་པ། ཆུ་ཚོད་13དང་སྐར་མ་30ཐོག

ཟ་མ་ཟོས་རྗེས་སྐར་མ་20འགོར་རྗེས་ཆུ་ཕོར་པ་གང་བཏུངས་ན། ཟས་འཇུ་བར་ཕན་པ་ཡོད།

ཆུ་ཕོར་པ་ལྔ་པ། ཆུ་ཚོད་15དང་སྐར་མ་30ཐོག

ཕྱི་དྲོའི་ཇ་འཐུང་བའི་དུས་ཚོད་འདིར་ཁོ་ཧྥེའམ་ཆུ་ཕོར་པ་གང་བཏུང་ན་ཁམས་དྭངས་བར་ཕན་པ་ཡོད།

ཆུ་ཕོར་པ་དྲུག་པ། ཆུ་ཚོད་17དང་སྐར་མ་30ཐོག

ལས་ཀ་མ་གྲོལ་གོང་དུ་ཆུ་དྲོན་མོ་ཕོར་པ་གང་བཏུངས་ན་ཉིན་གཅིག་བྱས་པའི་ལས་ཀ་ངལ་དུབ་སེལ་ཐུབ།

ཆུ་ཕོར་པ་བདུན་པ། ཆུ་ཚོད་19དང་སྐར་མ་30ཐོག

སྐབས་འདི་ནི་ལུས་པོའི་ནང་རྙིང་ཚབ་གསར་བརྗེ་ཆེན་པོ་བྱེད་བཞིན་པའི་སྐབས་ཡིན་པས་ཆུ་དྲོན་མོ་ཕོར་བ་གང་བཏུངས་ན་ལུས་པོའི་ནང་གི་དུག་ཕྱིར་འབུད་པ་ལ་ཕན་པ་ཡོད།

ཆུ་ཕོར་པ་བརྒྱད་པ། ཆུ་ཚོད་20དང་སྐར་མ་15ཐོག

མལ་དུ་མ་ཉལ་བའི་གོང་གི་ཆུ་ཚོད་གཉིས་ཀྱི་ནང་དུ་ཆུ་ཕོར་པ་གང་བཏུངས་ན་ཁྲག་ནུར་བར་སྔོན་འགོག་བྱེད་ཐུབ་པ་རེད།

ཞོགས་པར་མལ་ནས་ལངས་རྗེས་སུ་ཆུ་རིགས་བཞི་འཐུང་མི་ཉན།

༡ མངར་ལྡན་གྱི་བཏུང་བྱ།

ཞོགས་པ་མལ་ནས་ལངས་རྗེས་ཀྱི་ཆུ་ཕོར་པ་དང་པོར་ཚོང་ར་ནས་ཉོས་པའི་ཤིང་འབྲས་ཀྱི་ཁུ་བ་དང་། ཁུ་ནག རླངས་ཆུ། ཁོ་ཧྥེ། འོ་མ་སོགས་འཐུང་མི་ཉན། རྒྱུ་མཚན་ནི་དངོས་རྫས་འདི་དག་གིས་སྐབས་དེར་ལུས་པོར་མཁོ་བའི་ཆུ་འདོན་སྤྲོད་བྱེད་མི་ཐུབ་ལ། ད་དུང་ལུས་ཁམས་ལ་ཆུ་ཉུང་བའི་གནས་ཚུལ་འོག་ཕོ་རྒྱུར་ཟས་འཇུ་བ་དང་བཅུད་ལེན་བྱེད་དུ་བཅུག་པས། ལུས་ཁམས་བདེ་ཐང་ཡོང་བར་གནོད་སྲིད་པ་རེད།

༢ ཆུ་འཁྱག

ཆུ་འཁྱག་བཏུངས་ན་ཕོ་བའི་འབྱར་སྐྱིའི་ཁྲག་རྩ་འཁུམ་པ་བྱུང་སླ་བས། ཟས་འཇུ་བ་དང་ཕོ་རྒྱུར་གནོད་སྲིད་པས། ཕོ་རྒྱུའི་ནུར་འགུལ་མགྱོགས་སུ་འགྲོ་བར་བྱེད་སྲིད་པ་མ་ཟད། ད་དུང་རྒྱུ་མ་རེངས་འཁུམ་བྱུང་ནས་གསུས་པ་ན་ཚ་ཕོག་སྲིད་པ་རེད། དབང་པོ་རྒྱུན་ལྡན་གྱི་མི་ཡིས་གསུས་པ་སྟོང་པའི་གནས་ཚུལ་འོག་ཆུ་འཁྱག་དང་ཁྱད་པར་དུ་མངར་ལྡན་གྱི་བཏུང་བྱ་བཏུངས་རྗེས་ཕོ་བའི་ནད་ཕོག་སླ་བ་རེད།

༣ ཡུན་རིང་བཞག་པའི་ཆུ་ཁོལ།

ཆུ་ཁོལ་ཡུན་རིང་བཞག་རྗེས་དེའི་ནང་གི་ཏན་ལྡན་སྐྱེ་ལྡན་དངོས་རིགས་ཟམ་མ་ཆད་པར་དབྱེ་ཕྲལ་བྱས་ནས་ཟེ་སྐྱུར་ཚྭ་ཕལ་བར་འགྱུར་སྲིད་པ་དང་། ཁྱད་པར་དུ་ཡུན་རིང་བཞག་པའི་ཆུ་ཁོལ་ལ་དུག་སྲིན་གྱི་སྦགས་བཙོག་ཐེབས་སྲིད་པས། སྐབས་འདིར་ཏན་ལྡན་སྐྱེ་ལྡན་དངོས་རིགས་དབྱེ་ཕྲལ་ཇེ་མགྱོགས་བྱས་ནས་ཟེ་སྐྱུར་ཚྭ་ཕལ་བར་གྱུར་པའང་ཇེ་མང་དུ་འགྲོ་བ་ཡིན་པས། དེས་ཁྲག་རྒྱུན་གྱི་གསོ་རླུང་སྐྱེལ་ནུས་ལ་གནོད་པ་རེད།

༤ ཚྭ་ཆུ།

ཚྭ་ཉུང་ཙམ་བཏབ་པའི་ཆུ་བཏུངས་ན་ལུས་ཁམས་བདེ་ཐང་ཡོང་བར་ཕན་པ་ནི་རྫུན་གཏམ་མིན་ཀྱང་། འདི་ནི་དབྱར་ཁར་རྔུལ་ཆུ་བྱུང་རྗེས་ཆུ་ཁ་གསབ་བྱེད་རྒྱུར་དགོས་ངེས་ཤིག་ཡིན་མོན། ཡིན་ནའང་ཞོགས་པ་ལངས་རྗེས་ཆུ་ཁ་གསབ་བྱེད་རྒྱུར་མཚོན་ནས་བཤད་ན་ཕན་པ་མེད་པ་མ་ཟད། དེ་ནི་ད་དུང་བདེ་ཐང་ལ་གནོད་པའི་བྱ་ཐབས་ནོར་འཁྲུལ་ཅན་ཞིག་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:生活·艺术
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གཙང་པོའི་བྱང་རྒྱུད་ཀྱི་ཁུལ་གསར་གསར་སྤེལ་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ།
བོད་ཀྱིས་མཐའ་མཚམས་གྲོང་ཚོའི་དབུལ་སྒྲོལ་འདེགས་སྐྱོར་ཤུགས་ཆེན་བྱས་པ།
བོད་ཀྱིས་གཞུང་ཁོངས་ཁེ་ལས་བསྐྱར་འཛུགས་ཀྱིས་ ཡུལ་སྐོར་རིག་གནས་ཐོན་ལས་གསར་སྤེལ་བྱས་པ།
ཆུ་ཇི་ལྟར་བཏུངས་ན་ལུས་པོ་བདེ་ཐང་ཡོང་བ་དང་ཞོགས་པར་ཆུ་རིགས་བཞི་འཐུང་མི་ཉན་པ་ཤེས་སམ།
ངེད་གྲོང་ཁྱེར་གྱིས་ཐེངས་དང་པོའི་རང་མོས་ཀྱིས་ཁྲིམས་འགལ་སྒྲིག་བཀོད་བཤིག་པའི་བྱ་དགའི་ཁ་གསབ་མ་དངུལ་སྤྲད་པ།