(པར་ངོས་དང་པོར་མཐུད) སྒྲིག་བཀོད་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་181.7626དོན་འཁྱོལ་བྱས་ཡོད་པ་རེད།
ཚོགས་འདུས་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་གཏོང་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ཚུན་རྩེད་ཐང་གྲོང་ཁུལ་གྱི་ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གཙོ་གནད་ཕན་འབྲས་ཐོབ་པ་བརྡ་ཁྱབ་བཏང་བ་དང་།ཐེངས་དང་པོའི་རང་མོས་ཀྱིས་ཁྲིམས་འགལ་སྒྲིག་བཀོད་བཤིག་པའི་མི་སྣས་གཞོགས་འདེགས་ཧུར་ཐག་དང་གནད་དོན་ལ་མཐོང་ཆེན།རང་འགུལ་གྱིས་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་བཅས་ལ་གདེང་འཇོག་གང་ལེགས་བྱས་པ་མ་ཟད།གྲོང་ཁུལ་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་དོ་དམ་དང་ས་ཞིང་ཤོར་བའི་ཞིང་འབྲོག་པའི་བཀོད་སྒྲིག་འགན་སྲུང་།ས་ཆ་བསྡུ་ལེན་དང་བཤིག་སྤོ་བཀོད་སྒྲིག་སོགས་འཕེལ་རྒྱས་ཁོར་ཡུག་ལེགས་གཏོང་ཆེད་དོན་བྱ་སྤྱོད་རིང་བཏོན་པའི་རིགས་ཁག་གི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད།
ཚོགས་འདུས་གཅིག་ནས་བསམ་བློའི་ངོས་འཛིན་སླར་ཡང་མཐོར་གཏོང་ཡོང་བ་བྱེད་དགོས་པ་དང་།གཉིས་ནས་དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་རྒྱུར་སླར་ཡང་ཤུགས་སྣོན་རྒྱག་དགོས།གསུམ་ནས་ཁྲིམས་སྐྱོང་འདུ་ཤེས་སླར་ཡང་ཤུགས་ཆེར་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
གྲོང་ཁྱེར་ཆོད་དོན་གཞུང་ལས་ཁང་དང་།སྣེ་གདོང་ཆུས་བཤིག་སྤོ་གཞུང་ལས་ཁང་།བཅའ་སྡོད་ལས་དོན་ཚོ་ཆུང་དང་གྲོང་མི་ཡུལ་ལྷན་ཨུ་ལྷན་གཉིས་ཀྱི་ཁོངས་མིའི་ཚན་པ།གཉིས་ལྡན་དུད་སྦྲེལ་གྱི་དུད་དཔོན།མང་ཚོགས་ཀྱི་འཐུས་མི།རང་མོས་ཀྱིས་ཁྲིམས་འགལ་སྒྲིག་བཀོད་བཤིག་པའི་འབྲེལ་ཡོད་མི་སྣ་སོགས་ཁྱོན་མི་གྲངས་600ལྷག་ཚོགས་འདུར་ཞུགས་ཡོད་པ་རེད།