(པར་ངོས་དང་པོར་མཐུད) སྣོད་བཅུད་སྲུང་ཡོལ་འཛུགས་སྐྲུན་འཆར་འགོད་ཀྱི་ འབྲེལ་མཐུད་དང་སྔ་ཙམ་ཞིབ་དཔྱད་བྱེད་དགོས།ལྗོངས་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ལྗོངས་རིམ་པའི་བཟོ་ལས་ཁུལ་གྱི་སྙན་ཞུ་ཞུས་ནས་ཁུལ་གསར་འཛུགས་སྐྲུན་ལ་རྨང་གཞི་འདིང་དགོས།ལྔ་ནས་ཐོན་ལས་ཇུས་འགོད་འདིང་དགོས།ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་གོང་འཕེལ་ལ་མཐའ་སྐོར་ཏེ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ནས་གཙང་པོའི་བྱང་རྒྱུད་ཐོན་ལས་ལ་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས།དྲུག་ནས་ཚན་རིག་དང་མཐུན་པའི་འཁོར་རྒྱུག་བྱེད་དགོས། ལས་སྟེགས་ཀུང་སི་དང་ཚོང་འགུག བུན་འཛིན།རྣམ་གྲངས།ནོར་སྲིད་མ་དངུལ་གྲབས་གསོག་འཁོར་རྒྱུག་བྱས་ནས་ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།བདུན་ནས་ས་ཆ་གསོག་ཉར་ཡག་པོ་བྱེད་དགོས།གཙང་པོའི་བྱང་རྒྱུད་ཁུལ་གསར་འཛུགས་སྐྲུན་ས་ཆ་གསོག་ཉར་ལས་དོན་ལ་སྐུལ་འདེད་བཏང་ཐོག་མཐིལ་ལོན་བརྟག་དཔྱད་ཀྱི་རྨང་གཞིའི་ཐོག་བསམ་ཡས་དང་འཕྲེང་སྒོ་སོགས་ཀྱི་ས་ཆ་གསོག་ཉར་བསམ་ཆར་གང་མགྱོགས་བཏོན་དགོས། བརྒྱད་ནས་གནད་ལ་འཕིགས་པའི་སྒོ་ནས་ཚོང་འགུག་བྱེད་དགོས། དགུ་ནས་གནད་ལ་འཕིགས་པའི་སྒོ་ནས་ཞབས་ཞུ་བསྒྲུབ་དགོས། བཅུ་ནས་འགན་འཁྲི་ཁ་གསལ་བཟོ་དགོས།བཅུ་གཅིག་ནས་མཚམས་ཐིག་ནན་སྲུང་བྱེད་དགོས།བཅུ་གཉིས་ནས་བྱ་ཐབས་གསར་གཏོད་བྱེད་དགོས།བཅུ་གསུམ་ནས་འགན་འཁྲི་འཁུར་ཕོད་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཞིབ་འཇུག་བྱེད་སྐབས་ཕུར་བུ་དོན་གྲུབ་ཀྱིས་ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ།ལས་ཀའི་འབྲེལ་མཐུད་ཡག་པོ།དམིགས་ཚད་གཏན་འཁེལ་བྱེད་པ།ལས་དོན་ལ་བཀོད་སྒྲིག་བྱེད་པ།སྙན་ཞུ་འཐུས་སྒོ་ཚང་དུ་གཏོང་བ།དམངས་འདུན་བསྡུ་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་།
ཚོགས་འདུས་ད་དུང་དེ་མིན་གྱི་ནང་དོན་ལ་ཞིབ་འཇུག་བྱས་པ་རེད།