སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེ་སྲིང་དང་ལག་ལེན་བསྟར་ནས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱ་ཁྱབ་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་བཏང་ནས་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས། མཉམ་སྡེབ་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ཏེ་མི་རྣམས་ཀྱིས་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། ཚན་རིག་ཤེས་བྱ་ ཁྱབ་གདལ་བཏང་ནས་སྲོལ་ངན་བརྗེ་སྒྱུར་དང་དུས་རབས་ཀྱི་སྲོལ་བཟང་དར་སྤེལ་གྱི་བྱ་སྤྱོད་སྤེལ་ ནས་རུལ་སུངས་རྗེས་ལུས་རིགས་གནས་ཀྱིས་བསླད་སྐྱོན་མི་ཐེབས་པ་བྱ་རྒྱུ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་ བཏང་སྟེ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་གང་ལེགས་བསྐོང་ཐུབ་པ་བྱ་རྒྱུ།
ལྔ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
འབྱུང་འཕྲོད་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ་དང་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ས་རྒྱུར་སྦགས་བཙོག་ཐེབས་རྒྱུར་ཚོད་འཛིན་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་ལ་སྦགས་བཙོག་ཐེབས་རྒྱུར་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་ལ་སྲུང་སྐྱོབ་ནན་པོ་བྱ་རྒྱུ་དང་སྐྱེ་ཁམས་ཁོར་ཡུག་གི་དམར་ཐིག་དང་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་སྦྲེལ་བཅས་གསུམ་ཚོད་འཛིན་གཏན་འཁེལ་གྱི་ལས་དོན་ལེགས་སྒྲུབ་བྱ་རྒྱུ། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་ལས་དོན་སྤེལ་ནས་རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ ནགས་སྦོལ་ས་ཞིང་ནགས་སུ་སྒྱུར་བ་དང་། རྩྭ་སྦོལ་ཞིང་ཁ་རྩྭ་རར་སྒྱུར་བའི་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་རིགས་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་དང་ཆད་གཅོད་ནན་པོ་བྱ་རྒྱུ། (མུ་མཐུད་འགོས་རྒྱུ)