1.ཚོན་ཁྲ་ཅན་གྱི་མིག་ཤེལ། ལོ་ཆུང་བྱིས་པས་ཚོས་གཞི་ཡོད་པའི་མིག་ཤེལ་ཡུན་རིང་བརྒྱབ་ན་གཟུགས་འཛིན་དྲ་སྐྱིར་འོད་ཕོག་པའི་ནུས་པ་ཉམས་ཏེ་མིག་ཤེད་འཚར་ལོངས་བརྒྱུད་རིམ་ལེགས་པོ་ཡོང་མི་ཐུབ་ཅིང་མིག་ཤེད་ཧ་ཅང་སྐྱོ་པོ་ཆགས་སྲིད།
2.རྒྱུན་དུ་འགྲམ་སྐྱོར་བྱས་ནས་སྡོད་དུ་འཇུག་མི་རུང་། བྱིས་པ་འགའ་རེས་ལག་པས་འགྲམ་སྐྱོར་བྱས་ནས་ཡང་ཡང་སྡོད་པ་དེ་མི་ལེགས། གང་ལགས་ཤེ་ན་འགྲམ་པའི་ནང་ལ་གནོན་ཤུགས་འཁེལ་ནས་སོ་རྒྱུན་གཏན་ངང་འཚར་སྐྱེས་ཡོང་བར་གནོད་པ་མ་ཟད། སྒལ་རུས་འཚར་སྐྱེས་ཡོང་བར་ཡང་འགོག་རྐྱེན་ཆེན་པོ་ཡོང་གི་ཡོད།
3.ཀོ་ལྷམ་གྱོན་ན་ཡག་པོ་མེད། ལོ་ཆུང་བྱིས་པའི་ཤ་རུས་མཉེན་ཞིང་དབང་རྩ་ཚང་མ་འཚར་སྐྱེས་ཡོང་བའི་དུས་ལ་འབབ་ཡོད། ཀོ་ལྷམ་ནི་མཁྲེགས་ཚད་ལྡན་པ་དང་འཁུམས་ཚད་ཆུང་བས་གལ་སྲིད་བྱིས་པར་ཀོ་ལྷམ་གཡོག་སྔ་དྲགས་ན་རྐང་པའི་ཁྲག་རྩའི་བུ་ཁར་གནོན་ཤུགས་འཁེལ་ཏེ་རྐང་པའི་མཛུབ་མོ་དང་བཅས་པར་གནོད་སྐྱོན་ཡོང་གི་ཡོད།