(པར་ངོས་དང་པོར་མཐུད) གནད་དོན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་བྱིས་པའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ལུགས་བསྟན་ཡོད།
ཐེན་ཞུའེ་ཅུན་གྱིས་བུ་བཅོལ་ཁང་ནང་བྱིས་པར་མནར་གཅོད་གཏོང་བའི་གནད་དོན་ཐོན་པ་དེས་བུ་བཅོལ་ཁང་ནང་འཛུལ་བའི་དགོས་མཁོ་དང་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་དོ་སྙོམས་མེད་པ་དང་འཐུས་སྒོ་ཚང་པོ་མེད་པའི་དབར་གནས་པའི་འགལ་བ་མཚོན་ཐུབ་པས། གོམ་སྟབས་རྗེས་མར་སློབ་གསོ་པུས་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་སྤྱད་དེ“བྱིས་པར་སྐྱོང་མཁན་ཡོད་པའི”ཐད་འཕེལ་རིམ་གསར་པ་གང་ཐུབ་ཡོང་བ་བྱེད་དགོས་པ་སྟེ། གཅིག་ནི་འཕེལ་རྒྱས་དང་སྤུས་ཚད་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མེད་པའི་གནད་དོན་ཧུར་ཐག་སེལ་བ་དང་། གཉིས་ནི་ལྟ་སྐུལ་དོ་དམ་བྱེད་ཐབས་སྔར་བས་ནུས་ལྡན་སྤྱད་དེ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། གསུམ་ནི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་འཐུས་མཆན་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་འཛུལ་སྒོའི་འགག་སྒོ་ནན་པོ་སྲུང་བ། བཞི་ནི་དགེ་རྒན་གྱི་ཚད་ལྡན་བྱ་སྤྱོད་ཁ་གསལ་བཟོ་བ། ལྔ་ནི་སློབ་ཞུགས་གོང་གི་སློབ་གསོའི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་མིག་སྔར་སློབ་གསོ་པུས་སློབ་ཞུགས་གོང་གི་ཁྲིམས་འཛུགས་བརྟག་ཞིབ་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོར་ཁྲིམས་ལྟར་བུ་བཅོལ་ཁང་གཉེར་བ་དང་དོ་དམ་ཚད་ལྡན་བཟོ་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།