第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2017年12月8日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱི་དབུ་ཁྲིད་གཙོ་བོས་གཞི་རིམ་ལས་བྱེད་མང་ཚོགས་ཁྲོད་ཕེབས་ཏེེ་
 

(པར་ངོས་དང་པོར་མཐུད) ཏང་ཡོན་ལས་བྱེད་མང་ཚོགས་ཡོངས་ལ་མིག་དཔེ་བཏོན་གནང་བ་རེད།

ཟླ་11ཚེས་8ཉིན།གྲོང་ཨུད་ཧྲུའུ་ཅི་གཞོན་པ།གྲོང་སྤྱི་ཕུར་བུ་དོན་གྲུབ་ཀྱིས་གྲ་ནང་རྫོང་གི་གྲོང་ཚོ་ཁག་དང་ལས་ཡུལ་ཁག་གཅིག་ཏུ་ཕེབས་ཏེ་གཞི་རིམ་ལས་བྱེད་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་གིས་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་སྐུལ་མ་གནང་བ་རེད། ཟླ་11ཚེས་7ཉིན། གྲོང་ཁྱེར་དབུ་ཁྲིད་ཏིང་ཀྲེ་ཧྥུང་གིས་གོང་དཀར་རྫོང་གངས་སྟོད་གྲོང་རྡལ་དུ་ཕེབས་ཏེ་ཏང་ཡོན་རྒན་གྲས་དང་མང་ཚོགས། གྲོང་ཚོའི་ཚན་ཁག་ཁོངས་མི། གྲོང་སྡོད་ལས་དོན་རུ་མི། ཤང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་བཅས་ལ་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཟླ་11ཚེས་24ཉིན། གྲོང་ཁྱེར་དབུ་ཁྲིད་བག་གྲོས་གྲེན་ཏུར་བཅའ་སྡོད་ལྷོ་ཁའི་དོན་གཅོད་ཁྲུའུ་ཁོངས་སུ་ཡོད་པའི་ལས་འཁྱུར་ལས་བྱེད་དང་དོན་གཅོད་ཁྲུའི་ལས་མི་ཡོངས་ལ་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཟླ་11ཚེས་9ཉིན། གྲོང་ཁྱེར་དབུ་ཁྲིད་ཁྲེན་ཀྲེན་ཞཱང་གིས་རྒྱ་ཚྭ་རྫོང་ང་རབ་གྲོང་རྡལ་འབྲོང་པ་གྲོང་ཚོ་དང་བསམ་སྟོང་གྲོང་ཚོ། རུ་མི་གྲོང་ཚོ། ཅིན་ཀྲའུ་ཐང་ཆེན་དམངས་ཕན་ཉེན་དོན་ས་ཚིགས་སོགས་སུ་ཕེབས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཟླ་11ཚེས་18ཉིན། གྲོང་ཁྱེར་དབུ་ཁྲིད་ཝུ་ཝེ་ཡིས་ཟངས་རི་རྫོང་རྫིང་ཕྱི་ཤང་མིག་སྟོང་གྲོང་ཚོར་ཕེབས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཟླ་11ཚེས་24ཉིན། གྲོང་ཁྱེར་དབུ་ཁྲིད་ཧོ་ཕེ་ཡིས་འཕྱོངས་རྒྱས་རྫོང་དུ་ཕེབས་ཏེ་ལས་བྱེད་མང་ཚོགས་དང་ངོ་ཐུག་གིས་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ།

ཟླ་11ཚེས་23ཉིན། གྲོང་ཁྱེར་དབུ་ཁྲིད་ཝང་ཡུའོ་ཧྭ་ཡིས་ཧྭ་ཤིན་ཨར་འདམ་བོད་ལྗོངས་ཚད་ཡོད་ཀུང་སིར་ཕེབས་ཏེ་ཐོན་སྐྱེད་ལས་ཡུལ་མདུན་མར་ཡོད་པའི་ཏང་ཡོན་ལས་བཟོར་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཟླ་11ཚེས་30ཉིན། གྲོང་ཁྱེར་དབུ་ཁྲིད་བསྟན་འཛིན་གྱིས་གྲ་ནང་རྫོང་སྨིན་འགྲོལ་གླིང་དགོན་སྡེར་ཕེབས་ཏེ་རྒྱ་ཆེའི་དགེ་འདུན་པ་ཡོངས་ལ་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཟླ་11ཚེས་27ཉིན། གྲོང་ཁྱེར་དབུ་ཁྲིད་གཡན་ཧུང་གིས་ཆུ་གསུམ་རྫོང་སྟོད་གཟིགས་ཤང་ཀླུང་གྲོང་ཚོ་དང་ཆུ་གསུམ་གྲོང་རྡལ་ཤག་བྱང་གྲོང་ལོར་ཕེབས་ཏེ་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཟླ་11ཚེས་19ཉིན། གྲོང་ཁྱེར་དབུ་ཁྲིད་ཀྲང་ཏིང་ཁྲེང་གིས་ལྷ་སར་གཞིས་ཆགས་པའི་ངེད་གྲོང་ཁྱེར་གྱི་ལས་འཁྱུར་ཏང་ཡོན་500ལྷག་ཙམ་ལ་ཚོགས་ཆེན་བཅུ་དགུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིས་ལྷུན་རྩེའི་མང་ཚོགས་ལ་བཙལ་བའི་ཡིག་ལན། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་གྲོང་ཨུད་ཀྱི་སྐབས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:专版
ངེད་གྲོང་ཁྱེར་གྱི་དབུ་ཁྲིད་གཙོ་བོས་གཞི་རིམ་ལས་བྱེད་མང་ཚོགས་ཁྲོད་ཕེབས་ཏེེ་
འཚོ་བའི་ནང་བྱིས་པར་མི་འཚམ་པའི་ཕྱོགས་འགའ་ཤས།
མཚོ་སྣ་རྫོང་མག་མང་ཤང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་མཐོང་ཐོས།
སློབ་གསོ་པུས་བྱེད་ཐབས་ཆེན་པོ་ལྔ་སྤྱད་ནས་