第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2017年12月8日 星期
3 上一篇  下一篇 4 放大 缩小 默认
འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་མཉམ་ལས་ཁང་གིས།
དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ས་ལུང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་འཕེལ་རྒྱས་བཏང་ནས་རྒྱལ་སྨན་ཤང་གི་དུད་ཚང་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུ་ཆེར་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་མཉམ་ལས་ཁང་ཚོད་ལྟའི་གཉེར་སྐྱོང་བྱེད་རིང་བཅིངས་འགྲོལ་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཡི་མི་28ལ་ཕན་པ་ཐོབ་ནས་དུད་ཚང་རེར་འབབ་འཕར་སྒོར་8307བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་2966བྱུང་ཡོད། 2017ལོར་མཉམ་ལས་ཁང་གིས་ལྷ་ས་པ་ཏྲ་དཀར་ཆུའི་ཐོན་རྫས་ཚད་ཡོད་ཀུང་སི་དང་གྲོས་བསྡུར་བྱས་ཏེ་དཀར་ཆུ་ལས་སྣོན་རྣམ་གྲངས་མང་དུ་བཏང་བ་དང་འབྲེལ་ཐོན་ནུས་རིམ་བཞིན་ཆེ་རུ་བཏང་ནས་ཤང་ཡོངས་ཀྱི་བཞོན་མ་གསོ་ཚགས་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་གསོ་ཚགས་དུད་ཚང་གི་དཔལ་འབྱོར་ཡོང་འབབ་མང་དུ་བཏང་ཡོད།

རྒྱལ་སྨན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་བག་བྲོས་འདི་ལོ་ཤང་ཡོངས་ཀྱི་ས་ལུང་ཞིང་འབྲོག་ཐོན་རྫས་ལས་དོན་ཆེད་ལས་མཉམ་ལས་ཁང་ལ་མུ་མཐུད་བརྟེན་ནས་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་མུའུ་1000དང་། སྤུས་ལེགས་ཀྱི་ཞོག་ཁོག་འདེབས་འཛུགས་རྟེན་གཞི་མུའུ་1000 སྤུས་ལེགས་ཀྱི་ནས་འདེབས་འཛུགས་རྟེན་གཞི་མུའུ་1000 སྤུས་ལེགས་ཀྱི་བཞོན་མ་མགོ་གྲངས་1000 བོད་ཕག་མགོ་གྲངས་1000 སྡོང་ཕྲུག་རྟེན་གཞི་མུའུ་1000བཅས“ཆིག་སྟོང་དྲུག་གི་འདུ་འགོད”ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་དུད་ཚང་131གི་མི་424དང་དེ་བཞིན་སྲིད་འཛིན་གྲོང་ཚོ་6དབུལ་སྒྲོལ་གྱི་ལས་འགན་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱས་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:专版
བརྗོད་ཚུལ་གསར་པ་དང་བྱ་ཐབས་གསར་པ།
ཚོགས་ཆེན་བཅུ་དགུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་
དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།
ངེད་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།