འདི་ལོ་ནས་བཟུང་། གྲོང་ཁྱེར“གཉིས་གཏོད”གཞུང་ལས་ཁང་གིས“སྤྱི་འདོམས་འཆར་འགོད་དང་། སྟོབས་ཤུགས་བསྡུ་སྒྲིལ། ཁྲོམ་རར་ཉེ་བཅར། སྤུས་རྟགས་མངོན་གསལ་དོད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་སྡེ་ཚན་ཁག་དབར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། གསོ་སྦྱོང་དང་ལས་གཏོད་དང་ལས་ཞུགས་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད“གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ལས་གནས་གསར་སྤེལ་ལ་བརྟེན་ནས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི”བྱེད་སྟངས་སྤྱད་དེ་ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བར་ཕན་འབྲས་ཡག་པོ་ཐོབ་ཅིང་།འདི་ནི་གྲོང་ཁྱེར“གཉིས་གཏོད”གཞུང་ལས་ཁང་གིས་སྤེལ་བའི་ཞིང་འབྲོག་པ་དབུལ་པོའི་གློག་ལས་གསོ་སྦྱོང་བྱ་ཡུལ་ཡིན་པ།