(པར་ངོས་དང་པོར་མཐུད)བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་།
ལས་བྱེད་ལས་བཟོའི་སྡོད་ཁང་རྣམ་གྲངས་ལས་ཡུལ་དུ་ཕུར་བུ་དོན་གྲུབ་ཀྱིས་ཨར་ལས་ཀྱི་མྱུར་ཚད་དང་ལྷག་བསྡད་པའི་གནད་དོན་ཐད་ལ་ཨར་སྐྲུན་ཚན་པ་ཕྱོགས་ཀྱིས་ངེས་པར་དུ་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་ཆ་རྐྱེན་འོག་ལས་གྲའི་སྤུས་ཚད་དང་མྱུར་ཚད།སྒྲིག་འཛུགས།བཀོད་གཏོང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལོ་འཁོར་ནང་འབྲེལ་ཡོད་རྣམ་གྲངས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་།
ཕུར་བུ་དོན་གྲུབ་ཀྱིས་ལས་བྱེད་ལས་བཟོའི་སྡོད་ཁང་གསར་སྤེལ་རྣམ་གྲངས་ལག་བསྟར་བྱས་པ་དེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམངས་འཚོའི་ལས་གཞི་ཡིན་པ་དང་།ལས་བྱེད་ལས་བཟོའི་སྡོད་ཁང་སྒྱུར་བཅོས་བྱེད་པའི་གལ་ཆེའི་ཐབས་ཇུས་ཤིག་ཡིན་ལ།སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་བྱེད་མང་ཚོགས་ཀྱི་ཐོག་ནས་མངོན་ཐུབ་པའི་རྣམ་གྲངས་ཤིག་ཡིན།འབྲེལ་ཡོད་ཚན་པ་དང་ཨར་སྐྲུན་ཕྱོགས་ཀྱིས་སྔར་བས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་།དོ་དམ་ལ་ཤུགས་སྣོན།ཚན་རིག་དང་མཐུན་པའི་ཨར་སྐྲུན་བཅས་བྱས་ནས་ལས་གྲའི་མྱུར་ཚད་དང་སྤུས་ཚད་འགན་ལེན་བྱས་ཐོག་ལས་གྲ་གང་མགྱོགས་བསྐྲུན་ཐུབ་རྒྱུར་འགན་ལེན་བྱེད་དགོས་པ་སྟེ་ཨར་ལས་བཀོད་གཏོང་ཐད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།ཨར་ལས་སྤུས་ཚད་ཐད་ལ་ཤུགས་སྣོན་རྒྱག་དགོས།ལས་གྲའི་མཐུན་སྦྱོར་ཐད་ལ་ཤུགས་སྣོན་རྒྱག་དགོས།ལས་གྲའི་ལེགས་སྒྱུར་ཐད་ལ་ཤུགས་སྣོན་རྒྱག་དགོས།འགན་སྲུང་ཐད་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་ནན་བཤད་གནང་།