འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཏང་ཡོན་ལས་བྱེད་པའི་འདུ་ཤེས་བཞི་ཟབ་ཏུ་གཏོང་ཆེད། ཆུ་གསུམ་རྫོང་གིས་ཏང་རྟགས་བཏགས། ཐོབ་ཐང་མངོན། གཟུགས་བརྙན་གཏོད་དང་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་བྱེད་སྒོ་ལག་ལེན་བསྟར་ནས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་དགོས་པའི་སྐུལ་ལྕག་བྱས་པ་རེད།
ཏང་རྟགས་བཏགས་ནས་ཐོབ་ཐང་མངོན་པར་བྱས་ཤིང་། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ལས་དོན་སྒྲུབ་སྐབས་དང་ཚོགས་འདུ་དང་བྱེད་སྒོ་ཁག་ལ་ཞུགས་སྐབས་གཅིག་གྱུར་གྱིས་ཏང་རྟགས་བཏགས་པ་དང་སྐར་ཁུང་ཞབས་ཞུའི་ཚན་པའི་ལས་དོན་མི་སྣས་ལས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བྲང་ཁར་གཱ་བཏགས་ནས་རུས་མིང་དང་། གོ་གནས། འགན་འཁྲི་སོགས་ཀྱི་ཆ་འཕྲིན་གསལ་པོར་བཀོད་དེ་རྒྱ་ཆེའི་མང་ཚོགས་དང་། ཞབས་ཞུ་བྱ་ཡུལ། ཏང་རྩ་འཛུགས་བཅས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་པ་རེད།
ཐོབ་ཐང་མངོན་པར་བྱས་ཏེ་ལྟ་སྐུལ་དང་ལེན་བྱས་ཤིང་། རྫོང་ཡོངས་སུ་ཏང་ཡོན་སྔོན་ཐོན་ལས་གནས་50བཙུགས་པ་དང་། གུང་ཁྲན་ཏང་ཡོན་གྱི་སྒོ་བྱང་400ལྷག་ཙམ་བཀལ་བ། ཀྲེ་པུའུ་ཡིས་ཚན་པར་བྱས་ནས་ཏང་ཡོན་གྱི་འགན་འཁྲིའི་ཁས་ལེན་ཡི་གེ་བཟོས་པ། ཏང་དོན་ཡོངས་བསྒྲགས་སྒྲོམ་དང་དྲིལ་བསྒྲགས་སྒྲོམ་སྤྱད་དེ་ཏང་ཡོན་གྱི་རུས་མིང་དང་། གོ་གནས། ལས་གནས་ཀྱི་འགན་འཁྲི། ཁས་ལེན་དོན་ཚན་སོགས་ཡོངས་བསྒྲགས་བྱས་པ། གཞུང་དོན་སྒྲུབ་ས་མངོན་གསལ་དོད་པའི་གནས་སུ་བཀོད་སྒྲིག་བྱས་ཏེ་སྤྱོད་ཚུལ་འགྱུར་ལྡོག་ལ་སྐུལ་འདེད་བཏང་བ་རེད།