第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年9月27日 星期
3 上一篇  下一篇 4 放大 缩小 默认
གོང་དཀར་རྫོང་གིས།
དུད་སྦྲེལ་སྤྱི་མིར་བརྟེན་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ་བ།
 

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནསཚུལ་སྤེལ་བར་གཞིགས་ན།སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། གོང་དཀར་རྫོང་གིས་འབྲེལ་ཡོད་ཀྱི་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་དུད་སྦྲེལ་སྤྱི་མི་1036གིས་གཞི་རིམ་གྱི་འཐབ་ས་དང་པོར་སྒྲོག་འགྲེལ་དང་། བརྒྱུད་བསྒྲགས། ཁྲིད་སྟོན། ལྟ་སྐུལ་སློབ་སྟོན་བཅས་བྱེད་པར་སྒྲིག་འཛུགས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་པ་རེད།

སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཧུར་ཐག་བྱས་པ། དུད་སྦྲེལ་སྤྱི་མི་སྒྲིག་འཛུགས་ཀྱིས་དུད་སྦྲེལ་སྤྱི་མིའི་རང་ངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་དང་གཉིས་ལྡན་དུད་སྦྲེལ་གྱི་དགོས་མཁོ་དང་བསྟུན་ཏེ་གཉིས་ལྡན་དུད་སྦྲེལ་གྱི་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས། དེ་བཞིན་ཡིག་བསྐུར་ངོ་བཅར་བཅའ་ཁྲིམས། ངལ་རྩོལ་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་སྒྲོག་འགྲེལ་ཧུར་ཐག་བྱས་པ་རེད།

ཐོན་སྐྱེད་དང་འཚོ་བར་སྣེ་ཁྲིད་ཧུར་ཐག་བྱས་པ། དུད་སྦྲེལ་སྤྱི་མིར་ཁྲིད་སྟོན་གྱིས་གྲོང་ཚོའི(གྲོང་ལྷན)དཔེ་དེབ་ཁང་དུ་དུད་སྦྲེལ་སྤྱི་མིས་སྣེ་ཁྲིད་དེ་ཚན་རིག་རིག་གནས་ཤེས་བྱ་སྦྱངས་ཏེ་གཉིས་ལྡན་དུད་སྦྲེལ་གྱི་མང་ཚོགས་ཀྱིས་ཚན་རིག་ལ་དགའ་ཞེན་དང་རྨོངས་དད་ལ་ངོ་རྒོལ་བྱེད་པར་སྣེ་ཁྲིད་བྱས་ཏེ་ལུགས་རྙིང་སྲོལ་ངན་སྣ་ཚོགས་དོར་བར་བྱས་ཡོད་ལ། ལྷག་པར་དུ་རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་བཅས་ཀྱི་གནད་སྨིན་དབུལ་སྒྲོལ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་བརྒྱུད་བསྒྲགས་བྱས་ནས་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་དོར་བར་བྱས་པ་དང་དང་སྦྲགས། མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་དང་། རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་གྱིས་བྱ་གཞག་གསར་གཏོད་དང་ངལ་རྩོལ་ལ་བརྟེན་ནས་དབུལ་པོའི་གནས་ལས་བསྒྲལ་ཏེ་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས་པའི་སྐུལ་ལྕག་བཏང་ཡོད།

སློབ་གསོ་ལག་ལེན་བྱེད་སྒོར་ལྟ་སྐུལ་ཧུར་ཐག་བྱས་པ། རྫོང་ཨུད་དང་། སྲིད་གཞུང་། རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། དུད་སྦྲེལ་སྤྱི་མིས་ཧུར་བརྩོན་ཆེན་པོས་སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་ནས་གཉིས་ལྡན་དུད་སྦྲེལ་གྱི་མང་ཚོགས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་བྱས་པ་དང་སྦྲགས་དུས་ཐོག་ཏུ་གྲོང་ཚོ་ཨུ་ལྷན་གཉིས་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་ལ་གཉིས་ལྡན་དུད་སྦྲེལ་མང་ཚོགས་ཀྱི་སློབ་སྦྱོང་གནས་ཚུལ་སྙན་སེང་ཞུས་ཡོད་ལ། སློབ་སྦྱོང་འགོར་བ་དང་རིག་གནས་ཆུ་ཚད་ཅུང་དམའ་བ་སོགས་ཀྱི་ཁྱིམ་ཚང་ལ་གཅིག་གིས་གཅིག་གམ་ཡང་ན་མང་པོས་གཅིག་ལ་སྒྲོག་འགྲེལ་བྱེད་པའི་རྣམ་པ་སྤྱད་དེ་མཛུབ་ཁྲིད་ཧུར་ཐག་བྱས་པ་རེད། མིག་སྔའི་བར་རྫོང་ཡོངས་ཀྱི་དུད་སྦྲེལ་སྤྱི་མིས་གྲོང་ཚོ་གྲོང་ལྷན་ཚན་ཁག་གཉིས་ཀྱི་དཔུང་ཁག་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཐེངས་268སྤེལ་བ་དང་། གཉིས་ལྡན་དུད་སྦྲེལ་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཐེངས་1558སྤེལ་ཡོད། དེས་ན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཤེས་རྟོགས་དང་དེར་ཞུགས་པ། རྒྱབ་སྐྱོར་བྱེད་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་ཏེ་ཏང་གི་ཚོཌ་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ།
དབུལ་སྒྲོལ་ཕྱུག་འགྱུར་བྱེད་
དུད་སྦྲེལ་སྤྱི་མིར་བརྟེན་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ་བ།
ཏང་ཡོན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།