འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་ཆོས་ལུགས་ཁྱབ་ཁོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་ཚོ་ཆུང་གིས་ཆུ་གསུམ་རྫོང་མདོ་མཁར་ཆོས་སྡེ་དགོན་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཕྱིར་མིག་ལྟ་བའི་སྒྲོག་འགྲེལ་བྱས་པ་རེད།
བྱེད་སྒོའི་ནང་སྒྲོག་འགྲེལ་ཚོ་ཆུང་གིས་ཕྱིར་མིག་ལྟ་བའི་བྱེད་སྒོའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཀྱི་ཆོས་ལུགས་ཆོ་ག་དང་འཚོ་བའི་གོམས་སྲོལ་དང་ཟུང་འབྲེལ་གྱིས་གྲྭ་བཅུན་དང་ལས་བྱེད་ཚོར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དོན་སྙིང་གསལ་འགྲེལ་བྱས་པ་མ་ཟད། སྒྲོག་འགྲེལ་དང་བློ་འདྲི་མཉམ་སྤྱོད་ཐོག་ནས་དགེ་འདུན་ཚོས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་ཁོང་དུ་ཆུད་ཚད་དང་ཤེས་རྟོགས་ཐུབ་ཚད་རྒྱུས་མངའ་ལོན་པ་བྱས་པ་མ་ཟད། ནང་དོན་འགའ་ཤས་ཟུར་འཁྲིད་བྱས་པ་རེད།
གཞན་ཡང་སྒྲོག་འགྲེལ་ཚོ་ཆུང་གིས་ད་དུང་ཤེས་བྱའི་རྒྱུགས་ལེན་བྱས་པ་རེད།