འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་། ཁྱིམ་གཞིས་མཛེས་སྡུག་ལྡན་པ། ཁྱིམ་སྲོལ་ཡ་རབས་ཀྱི་འཚོ་བའི་ཁོར་ཡུག་ཡག་པོ་སྐྲུན་ཆེད། ཉེ་དུས། གྲོང་ཁྱེར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བའི་བྱེད་སྒོའི་གཞུང་ལས་ཁང་གིས་གོང་དཀར་རྫོང་ཁྱིམ་བཞི་ཤང་དུ་ཤེས་དཔལ་འཚོ་བ་ཆུང་ཙག་ནས་འགོ་འཛུགས་དགོས་ཞེས་པའི་བྱེད་སྒོ་སྤེལ་ནས། ཁྱིམ་བཞི་ཤང་ཀྱི་མང་ཚོགས་ལ་ཉེར་མཁོའི་ཅ་དངོས་ཆུང་ཙག་སྤྲད་པ་རེད།
ད་ཐེངས་བྱེད་སྒོའི་ནང་། གད་སྙིགས་བླུགས་སྣོད་དང་སྒོ་ཡོལ། ཨ་ཅོར། སེན་བཏུབས། དྲིལ་བསྒྲགས་པར་རིས་སོགས་ཁྱོན་སྒོར་ཁྲི་10ཙམ་རེ་བའི་ཙག་ཙིག་དངོས་པོ་སྤྲད་ནས་ཤང་དེའི་རྒྱ་ཆེའི་མང་ཚོགས་ཚོས་ཉེར་མཁོའི་ཅ་དངོས་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང། ཤེས་དཔལ་གྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས། ཡ་རབས་དང་ཤེས་དཔལ་ལྡན་པའི་འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ་ཡིན་པ་རེད།