第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་བ།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།
རྒྱལ་ནང་ཁ་པར་གྱི་ཐག་རིང་དང་རྒྱང་སྒྲོལ་ ཁ་པར་འགྲོ་གྲོན་མེད་པར་བཟོས་པ།
བོད་ཀྱི་གཞུང་བཙུགས་སྨན་ཁང་གི་སྨན་རིན་གྱི་ ཁེ་བཟང་ཕྱོགས་ཡོངས་ནས་མེད་པར་བཟོས་པ།
| 山南网首页 |
2017年9月11日 星期
3 上一篇  下一篇 4 放大 缩小 默认
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།
 

(པར་ངོས་དང་པོར་མཐུད) དུས་རབས་གསར་པར་བསྐྱོད་ཐུབ་པ་བྱུང་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོགལེགས་སྒྲུབ་ལྡན་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཉིད་དུས་རབས་ཉེར་གཅིག་པའི་ཕྱོགས་སུ་སྐུལ་སྤེལ་བཏང་ཡོད།བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོགབོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད།

བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོགཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཡོད།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱ་གཉིས་ཀྱི(སྤྱི་ལོ་2020ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དུས་རབས་འདིའི་དུས་དཀྱིལ་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ)འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱས་པ་དང་ཀྲུང་གོའི་མི་དམངས་སྟོབས་དང་ལྡན་པར་གྱུར་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གལ་ཆེའི་བཀའ་སློབ་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་མཐའ་སྐྱོང་བོད་བརྟན་གྱི་རྣམ་པ་གསར་རྐྱང་བཏོད་དེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་གསལ་སྟོན་དང་འབྱུང་འགྱུར་འཆར་འགོད། རྨང་གཞི་བརྟན་གཏོང་བཅས་གནང་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་དགོངས་གཞི་གསར་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་རྣམ་པ་གསར་པ་བཏོད་ཡོད་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏིང་ནས་བརྩི་བཀུར་ཐོབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་་ཡོད། རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་གསར་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱིར་བཏང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་དཔའ་སྟོབས་དང་མཆོག་ཏུ་གྱུར་བའི་ཆབ་སྲིད་ཀྱི་བློ་གྲོས། དཔའ་ངར་ཞུམ་མེད་ཀྱི་ལོ་རྒྱུས་ལ་འགན་ཁུར་བའི་སྙིང་སྟོབས་བཅས་ཀྱི་ཐོག་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་གནང་ནས་ལག་ལེན་གྱི་བླང་བྱ་གསར་པར་ལན་བསྐྱོན་པ་དང་མི་དམངས་ཀྱི་རེ་སྒུག་གསར་པ་དང་བསྟུན་ནས་སྒྱུར་འཕེལ་བརྟན་གསུམ་དང་ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་། ཏང་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་། དམག་དཔུང་བཅོས་སྐྱོང་བཅས་ལ་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་སྤེལ་གཏོང་དགོས་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་སྤེལ་གཏོང་དགོས་རྒྱུ་བཏོན་གནང་བ་དང་། གསར་གཏོད་དང་མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་གོང་འཕེལ་གྱི་འདུ་ཤེས་ཆེན་པོ་ལྔ་གསལ་སྟོན་གནང་ཡོད་པས་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་གྲུབ་ནས་ཏང་གི་ཚན་རིག་གི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་སུ་དང་གོང་འཕེལ་ཕྱིན་ཡོད་པ་དང་ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འབད་འཐབ་དམིགས་ཚད་གསར་པ་མངོན་འགྱུར་བྱ་རྒྱུར་གཞི་རྩའི་སྲུང་བྱ་མཁོ་འདོན་གནང་ཡོད།

ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་གྱུར་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་གསར་བརྗེའི་རྣམ་པ་ཟབ་མོའི་ཁྲོད་འཚར་ལོངས་བྱུང་བའི་རང་རེའི་ཏང་གི་གཙོ་འཛིན་དང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དང་ཀྱག་ཀྱོག་ལམ་བུའི་ཁྲོད་འཚར་ལོངས་བྱུང་བའི་རང་རེའི་ཏང་གི་གཙོ་འཛིན། དུས་ཡུན་རིང་པོའི་གསར་བརྗེའི་ལག་ལེན་ཁྲོད་འཚར་ལོངས་བྱུང་བའི་གཙོ་འཛིན། རླབས་ཆེའི་འཐབ་རྩོད་ཀྱི་ལག་ལེན་གསར་པའི་ཁྲོད་གཏན་འཁེལ་བྱུང་བའི་རང་རེའི་ཏང་གི་གཙོ་འཛིན། རྒྱལ་སྤྱིའི་འཐབ་རྩོད་གལ་ཆེན་ཁྲོད་འཚར་ལོངས་བྱུང་བའི་རང་རེའི་ཏང་གི་གཙོ་འཛིན། མི་དམངས་མང་ཚོགས་ཁྲོད་འཚར་ལོངས་བྱུང་བའི་རང་རེའི་ཏང་གི་གཙོ་འཛིན་བཅས་རེད།

2. བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་རྩ་བའི་འགན་ལེན་རེད།

ཀྲུང་གོ་གུང་ཁྲན་ཏང་ནི་སྲིད་འཛིན་ཏང་ཞིག་ཡིན་པ་དང་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་བའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་རེད། མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ཙམ་ཡོད་པའི་ང་ཚོའི་རྒྱལ་ཁབ་ཆེན་པོ་འདི་འདྲར་ངེས་པར་དུ་ཀུན་གྱི་རེ་བ་བཅོལ་སའི་གཙོ་འཛིན་ཞིག་ཡོད་དགོས་པ་དང་། ཏང་ཡོན་ཁྲི་ཚོ8800ལྷག་ཙམ་དང་ཏང་རྩ་འཛུགས་ཁྲི་ཚོ440ལྷག་ཙམ་ཡོད་པའི་ང་ཚོའི་ཏང་ཆེན་པོ་འདི་འདྲར་ངེས་པར་དུ་ཏང་སེམས་ཕྱོགས་སའི་སྲོག་ཤིང་ཞིག་ཡོད་དགོས་པ། ཏང་གིས་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་ང་ཚོའི་མི་དམངས་དམག་དཔུང་འདི་འདྲར་ངེས་པར་དུ་མཁས་མཛངས་བརྟུལ་ཕོད་ཀྱི་དམག་སྤྱི་ཞིག་ཡོད་དགོས་པ་བཅས་ནི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལག་ལེན་ནང་མངོན་པའི་ཆོས་ཉིད་ཅིག་ཡིན་པ་དེ་ལོ་རྒྱུས་དང་དོན་དངོས་ཐོག་ནས་ར་འཕྲོད་གང་ལེགས་བྱས་ཡོད། གཙོ་འཛིན་འདི་འདྲ་དང་སྲོག་ཤིང་འདི་འདྲ། དམག་སྤྱི་འདི་འདྲ་བཅས་ཡོད་པའི་ཐོག་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ཡོད་ན་དམངས་སེམས་གཅིག་ཏུ་བསྡུས་ཐུབ་པ་དང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དམ་ཟབ་ཐུབ་ནས་རི་སྒུལ་མཚོ་ཡོམ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེའི་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་སྤེལ་རྒྱུན་ཆད་མེད་པ་གཏོང་ཐུབ་པ་དང་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་ཐུབ། (མུ་མཐུད་འགོད་རྒྱུ)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国际国内
ངེད་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་བ།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།
རྒྱལ་ནང་ཁ་པར་གྱི་ཐག་རིང་དང་རྒྱང་སྒྲོལ་ ཁ་པར་འགྲོ་གྲོན་མེད་པར་བཟོས་པ།
བོད་ཀྱི་གཞུང་བཙུགས་སྨན་ཁང་གི་སྨན་རིན་གྱི་ ཁེ་བཟང་ཕྱོགས་ཡོངས་ནས་མེད་པར་བཟོས་པ།